
སྲིད་གཞུང་གི་ལས་ཀའི་སྙན་ཞུ།
༢༠༡༩ལོའི་ཟླ་བ༡༢པའི་ཚེས་་་་་ཉིན་སེར་ཤུལ་རྫོང་གི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་ཐོག་གི་གསུང་བཤད།
སེར་ཤུལ་རྫོང་མི་དམངས་སྲིང་གཞུང་གི་འགོ་འཛིན། ལུའོ་ལིན།
འཐུས་མི་རྣམ་པ།ད་ལྟ་ངས་རྫོང་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་ཀའི་སྙན་སེང་ཞུ་རྒྱུ་ཡིན་པས།གྲོས་ཞིབ་གནང་རོགས་ཞུ་བ་མ་ཟད།རྫོང་གི་སྲིད་གྲོས་ཨུ་ཡོན་དང་ཟུར་ཞུགས་བློ་མཐུན་དག་གིས་ཀྱང་དགོངས་འཆར་གནང་རོགས་ཞུ་བ་ཡིན།
ཉིས་སྟོང་ཉི་ཤུ་ལོའི་ལོ་སྟོད་ཀྱི་ལས་ཀའི་གནས་ཚུལ།
ཏོག་གསར་གློ་ཚད་རིམས་ནད་དང་བཞི་ཚེག་ཐིག་གཅིག་གི་ས་འགུལ་སོགས་གློ་བུར་གྱི་དོན་རྐྱེན་མང་པོ་བྱུང་དུས། རྫོངས་གོང་འོག་ཡོངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་འབྲེལ་ཡོད་བཀོད་སྒྲིག་ལག་བསྟར་ཡག་མོ་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་དང་གཟུགས་པོ་བདེ་ཐང་ཡོང་བ་དེ་ཨང་དང་པོ་འཇོག་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཆེན་མོ་ཡོད་པའི་ཐོག་ནས་རིམས་ནད་ཚོད་འཛིན་དང་སྔོན་འགོག ས་འགུལ་གྱི་རྒུད་སྐྱོབ་སོགས་ཡུལ་དངོས་ཀྱི་འཐབ་ར་ནས་དཔའ་བོའི་ལས་དོན་ཧུར་གྱི་སྒྲུབ་ནས་ཚེ་སྲོག་བདེ་འཇགས་ཀྱི་སྲུང་སྐྱོང་ར་བ་གང་མགྱོགས་སྐྲུན་ནས་ཏོག་གསར་གློ་ཚད་ཀྱི་ནད་པ་དང་ས་འགུལ་གྱི་གནོད་སྐྱོན་གཅིག་ཀྱང་མེད་པ་བྱས་ཡོད། དུས་མཚུངས་སུ། ང་ཚོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན། ས་འགུལ་གནོད་སྐྱོན་རྒུད་སྐྱོབ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཅས་གཅིག་འགྱུར་སྒོས་ཤུགས་རྒྱག་ནས་བརྟན་བརླིང་དྲུག་དང་འགན་སྲུང་དྲུག་གི་ལས་དོན་ཡག་པོ་སྒྲུབ་ནས་དངོས་ཡོད་དཔལ་འབྱོར་དང་འཛད་སྤྱོད་གཏོང་ཤུགས་འདོན་སྤེལ་བྱེད་པའི་སྲིད་ཇུས་བྱ་ཐབས་སྤེལ་ནས་རིམ་པ་ཡོད་པའི་སྒོ་ནས་ཐོན་སྐྱེད་འཚོ་བའི་སྒྲིག་གཞི་སླར་གསོ་བྱས་ཏེ་རིམས་ནད་དང་ས་འགུལ་གྱི་གནོད་པ་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱས་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕིན་ཆིང་ཧྭ་ངེད་རྫོང་དུ་ཕེབས་ནས་རྟོག་ཞིབ་གནང་བ་དེས་བོད་ཁུལ་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་མཚོན་ཡོད་ལ་ང་ཚོས་ལས་དོན་ཁག་སྒྲུབ་པ་ལ་སྐུལ་མ་ཆེན་མོ་ཐེབས་པ་དང་སྒུལ་ཤུགས་དང་འགན་སྲུང་ཆེན་མོ་བྱས་ཡོད།
ད་ལོའི་ལོ་སྟོད་ལ་ང་ཚོས་ཕྱོགས་ཡོངས་ནས་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། སྤྱི་ཚོགས་འགན་སྲུང་། ཞིང་གྲོང་འཕེལ་རྒྱས་སོགས་ཀྱི་ལས་དོན་འགྲུབ་གང་ཐུབ་བྱས་ཡོད། ནུས་ཤུགས་ཡོད་རྒུ་བཏོན་ནས་དབུལ་བྲལ་འགག་སྒྲོལ་ལས་རྣམ་པར་རྒྱལ་བ་དང་ཁུལ་ཡོངས་ཀྱི་འཐབ་ཇུས་ཆེན་མོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་རྒྱལ་ཁའི་ངང་འཚོགས་པ། དཀའ་ངལ་ཆེ་བའི་མང་ཚོགས་དམིགས་བསལ་ཅན་དང་སེམས་འཁྲལ་མེད་པ་གཉིས་དང་འགན་སྲུང་ཆེན་མོ་གསུམ་བཅས་ཀྱི་འབུར་ཐོན་གནད་དོན་སྒྲིག་བཅོས་དང་དབུལ་བྲལ་གྱི་སྤུས་ཚད་དང་རྣམ་པ། གྲུབ་འབྲས་བཅས་གོང་མཐོར་གཏོང་བ་དང་དབུལ་ཕོངས་ཀྱི་ཉེན་ཁ་སྔོན་འགོག་བྱས་ཏེ་རྫོང་ཁོངས་ན་དབུལ་བྲལ་མ་ཐུབ་པའི་དུས་ཚང་གོ་དྲུག་དང་མི་བཞི་བརྒྱ་བཅུ་མེད་བདུན་ཡོད་ཚད་ད་ཡོད་ཀྱི་དབུལ་བྲལ་ཚད་གཞི་ལ་སླེབས་ཡོད། གྲུབ་ཆ་འགན་སྲུང་ལ་དམིགས་པ་དང་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་ལས་གཞིའི་འཛུགས་སྐྲུན་ལས་ཀ་ཏན་ཏིག་ངང་སྤེལ་ནས་ལས་གཞི་ཞེ་གསུམ་༼རྒྱུན་མཐུད་འཛུགས་སྐྲུན་ལས་ཀ༽གྱི་ལས་འགོ་ཚུགས་པ་དང་མ་གཏོང་སྒོར་དུང་ཕྱུར་བཅུ་གསུམ་དང་བྱེ་བ་དྲུག་ས་ཡ་བདུན་གཏོང་ཡོད། བསམ་བློའི་འདུ་ཤེས་བསྒྱུར་བ་དང་ལས་ཀའི་གཙོ་གནད་བཟུང་བ། ནང་རྐྱེན་འཛུགས་སྐྲུན་འཐུས་ཚང་། ཚོང་གཉེར་ཁོར་ཡུལ་ལེགས་བསྒྱུར་སོགས་ཀྱི་འགྲོ་ལུགས་རྒྱུན་འཁྱོངས་བྱས་ནས་ཚོགས་འགུག་དངུལ་འདྲེན་གྱི་ལས་ཀ་ཤུགས་རྒྱག་པ་དང་ལས་གཞི་དོན་འཁྱོལ་ཡོང་བ། གློག་རྡུལ་ཟོང་འདྲེན་ཞབས་ཞུ་ས་ཚུགས་བརྒྱ་དང་གསུམ་འཛུགས་སྐྲུན་བྱས་ནས་བེད་སྤྱོད་སྤྱོད་འགོ་ཚུགས། གྲོང་ཁྱེར་གྱི་ས་དྲོད་གཅིག་བསྡུས་དྲོད་འདོན་དང་ལོ་ཕྱུག་འདན་མ་གླིང་ག་ཚོང་བསྡད་འདུས་ཁུལ་ཆུང་བ་དང་འཁྱགས་འཇུག་མ་ལག་ཟོང་འདྲེན་གྱི་སོས་པའི་མཛོད་ཁང་། ཀན་མིང་བཟོ་ལས་གླིང་ཁུལ་གྱི་སྒྲིག་གཞི་བཟོ་ལས་རླངས་གཟུགས་སོགས་ཀྱི་ལས་གཞི་རྒྱལ་ཁའི་ངང་ནང་འདྲེན་བྱས་ཏེ་འཆར་འགོད་མ་གཏོང་སྒོར་དུང་ཕྱུར་བཅུ་བདུན་དང་བྱེ་བ་བདུན་ལ་ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དོ་དམ་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་ནས་གསང་སྤྱོད་གསར་བརྗེ་དང་།གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་ཡག་པོ་བྱས་ཏེ་རྫོང་གྲོང་སྟོབས་ཆེར་གཏོང་བ་དང་།ཤང་གྲོང་ཡག་ཏུ་གཏོང་བ།མཛེས་སྡུག་ལྡན་པའི་གྲོང་སྡེ་རྣམ་གྲངས་དགུ་ལག་བསྟར་བྱས་ཡོད།མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་བདུན་གཏོང་ཡོད།བློ་བརྟན་འགྱུར་མེད་ཀྱིས་འགྲིམ་འགྲུལ་སྔོན་ལ་སྤེལ་བའི་འཐབ་ཇུས་ལག་བསྟར་བྱས་ནས་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་བརྒྱ་དང་རེ་ལྔ་ལ་འགྲིམ་འགྲུལ་དབུལ་སྐྱོར་གྱི“ཤར་གཏོང་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ་དང་G215དང་S457སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་གཞུང་ལམ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཡོད།གྲོང་ཁྱེར་དང་གྲོང་གསེབ་ཀྱི་བགྲོད་ལམ་ནུས་པ་རིམ་བཞིན་འཐུས་ཚང་དུ་གཏོང་བ་ནས་ནག་སེལ་གཤེད་བཅོམ་དང་མེ་མདའ་དང་འབར་གས་གཙང་བཅོས་སོགས་ཀྱི་ཆེད་དོན་བྱ་སྤྱོད་དེ་སྤྱི་ཚོགས་ཀྱི་སྒྲིག་ལམ་ལྷིང་འཇགས་དང་འཆམ་མཐུན་ཡོང་བར་སྲུང་སྐྱོང་བྱེད་པའི་ལས་ཀ་ཨང་དང་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས།གྱོད་གཞི་སོ་བཞི་དང་གྱོད་ཐག་སོ་གཅིག་བཅད་ནས་མི་ཞེ་བརྒྱད་རྡུང་རྡེག་དང་ཐག་གཅོད་བྱས།ཁ་གསབ་རོགས་དངུལ་དུས་ཐོག་ཏུ་འདང་ངེས་སྤྲོད་ནས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་བདུན་འབུམ་གཅིག་གཏོང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་འགན་ལེན་དང་།གནས་སྐབས་རོགས་སྐྱོབ།དབང་པོ་སྐྱོན་ཅན་གྱི་རོགས་སྐྱོབ་སོགས་ཀྱི་ལས་དོན་བརྟན་པོའི་ངང་སྤེལ་ཡོད། ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་མི་སྣ་བཞི་བརྒྱ་གྱ་བཞིས་ལས་ཀ་རག་པ་དང་།ལས་ཞུགས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས་ལྔ་སྤེལ་ཡོད། ཞིང་པ་གླ་པ་ཉིས་བརྒྱ་གྱ་བདུན་ལ་གསོ་སྦྱོང་བྱས་པ་དང་ནུས་པ་འཐུས་ཚང་དང་།གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ།དོ་དམ་ཚད་ལྡན་བཅས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་ཐོག་མར་ཆགས་ཟིན།སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་ལྔ་འབུམ་དགུ་ལྷག་བཏང་ནས་འོས་འགན་སློབ་གསོའི་སློབ་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱས།ལོ་ཕྱུག་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་གྱི་དུས་འགོའི་ལས་དོན་སྤེལ་འགོ་ཚུགས་པ།བདེ་ཐང་སེར་ཤུལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་མཐའ་མའི་དཔྱད་དཔོག་དང་ཞིབ་བཤེར་ལས་དོན་དམ་འཛིན་བྱེད་པ།འཕྲལ་བསྟུན་དོ་དམ་དང་།ཉེན་མེད་ཐོན་སྐྱེད།འབྲུབ་འགོག་གེགས་སེལ།ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས་ཉེན་མེད་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་འགྲོ་ལམ་འགྲིམ་འགྲུལ་དང་།ཨར་སྐྲུན་མེ་ཟོན།བཟའ་བཅའ་དང་སྨན་རྫས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་གནད་དོན་ཁྲིམས་ལྟར་བཅོས་སྒྲིག་ནན་པོ་བྱས་ནས་སློབ་གྲྭའི་མཐའ་འཁོར་གྱི་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཏན་ཏིག་ངང་སྤེལ་བ། སུང་ཀེ་མ་ཎི་རྡོ་མཁར་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་རྒྱལ་ཁབ་རིམ་པའི་Aབཞི་ཡི་མཛེས་ལྗོངས་འཛུགས་སྐྲུན་བྱས་པ་དང་རྒྱལ་ཁའི་ངང་ཉིས་སྟོང་བཅུ་དགུ་ལོའི་སྐབས་དང་པོའི་ཀྲུང་གོའི་ཅིང་ལིང་བྱ་དགའ་ཐོབ་པ་རེད།སེར་ཤུལ་རྫོང་ནི་ཞིང་ཆེན་ཡོངས་ནས་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་ལྔ་དང་ཞིང་ཆེན་རིམ་པའི་འདམ་རའི་སྤྱི་གླིང་བཞི་ཡོད་པའི་རྫོང་གཅིག་པུ་རུ་གྱུར་ཡོད། སྲུང་སྐྱོབ་ཆེན་པོ་མཉམ་འཛིན་དང་།གསར་སྤེལ་ཆེན་པོ་མི་བྱེད་ཅེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་སྟེ་བྱེ་རྡོ་ཐོན་ཁུངས་དོ་དམ་དང་བཙོག་ཆུ་དང་གད་སྙིགས་གཙང་སེལ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་བཅོས་སྒྲིག་དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བསྡོམས་རྩིས་བྱས་ན་རིགས་སོ་སོའི་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ཉེར་བཞི་དག་ཐེར་བྱས་པ་དང་སྣོད་བཅུད་ཀྱི་སེར་ཤུལ་སྔར་བས་ཇེ་བརྟན་དུ་ཕྱིན་ཡོད།ཟླ་དང་པོ་ནས་དྲུག་པའི་བར།ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་དེ་སྔོན་རྩིས་ལྟར་ན་སྒོར་དུང་ཕྱུར་བརྒྱ་དང་བྱེ་བ་གཉིས་ས་ཡ་དགུ་ལེགས་འགྲུབ་བྱུང་ཞིང་སྤྱི་ཚོགས་ཧྲིལ་པོའི་བརྟན་ཆགས་རྒྱུ་ནོར་གྱི་མ་གཏོང་དེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་ལེགས་འགྲུབ་བྱུང་ཞིང་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་སྒོར་དུང་ཕྱུར་གཉིས་དང་ས་ཡ་དྲུག་བྱས་ལ་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྔར་བཞིན་གོང་འཕར་ཡོང་བར་རྒྱུན་འཁྱོངས་ཐུབ་ཡོད།
ཉིས་སྟོང་བཅུ་དགུ་ལོའི་ལས་ཀ་ལ་ཕྱི་མིག་བལྟས་པ།
ཉིས་སྟོང་བཅུ་དགུ་ལོར་རྫོང་མི་དམངས་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་།སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་།ཁུལ་ཨུ་དང་།ཁུལ་སྲིད་གཞུང་།རྫོང་ཨུ་བཅས་ཀྱི་དབུ་ཁྲིད་བརྟན་པོ་དང་རྫོང་དམངས་ཆེན་དང་རྫོང་སྲིད་གྲོས་ཀྱི་ལྟ་སྐུལ་དང་རྒྱབ་སྐྱོར་འོག“སྐྱེ་ཁམས་དང་།རིག་གནས།བདེ་སྐྱིད”བཅས་ཀྱི་སེར་ཤུལ་གྱི་དམིགས་འབེན་ལ་གཞིགས་ནས།ཞིང་ཆེན་ཏང་ཨུའི་“གཞུང་གཅིག་ཡན་མང་། ཁུལ་ལྔ་མཐུན་སྦྱོར་”གྱི་འཐབ་ཇུས་བཀོད་སྒྲིག ཁུལ་ཨུའི་“གཅིག་གཉིས་གསུམ་བཞི་ལྔ་དྲུག་”གི་ལས་ཀའི་སྤྱིའི་སྒྲིག་གཞི་ལ་དམ་པོར་དམིགས་པ་དང་། རྫོང་ཨུའི་“གཅིག་གཅིག་གསུམ་བཞི་ལྔའི་”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་དང་།རྫོང་ཡོངས་ཀྱི་གོང་འོག་སོ་སོས་གོམ་པ་བརྟན་པོའི་ངང་མདུན་དུ་བསྐྱོད་པ། འཕེལ་རྒྱས་བརྟན་པོ་དང་སྒྲིག་གཞི་ལེགས་སྒྲིག བཅོས་སྒྱུར་སྐུལ་འདེད། དམངས་འཚོར་ཕན་བཏགས། བརྟན་བརླིང་འགན་སྲུང་བཅས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཇུས་འདོན་གཙོ་བོ་དང་། ལས་སྒྲུབ་གཙོ་བོ། གྲུབ་འབྲས་གཙོ་བོ་དམིགས་འབེན་བཞག་ནས་ཅུང་ལེགས་པའི་སྒོ་ནས་རྫོང་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་དག་ལེགས་འགྲུབ་བྱུང་ཡོད།
ཉིས་སྟོང་བཅུ་དགུ་ལོར་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་དེ་སྒོར་དུང་ཕྱུར་བཅུ་གཅིག་དང་ས་ཡ་དགུ་མངོན་འགྱུར་བྱུང་ཡོད་ལ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆ་བརྒྱད་འཕར་ཡོད། ནོར་སྲིད་ཀྱི་སྤྱི་བཏང་སྔོན་རྩིས་འོང་སྒོ་དེ་སྒོར་བྱེ་བ་ལྔ་དང་ས་ཡ་གསུམ་འབུམ་བདུན་ཁྲི་ལྔ་ཡོང་བ་བྱས་ཡོད། ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དྲུག་ཚེག་གཅིག་འཕར་ཡོད། སྤྱི་ཚོགས་ཧྲིལ་པོའི་བརྟན་ཆགས་མ་དངུལ་གྱི་མ་གཏོང་ཚད་དེ་སྒོར་དུང་ཕྱུར་ཉེར་དྲུག་ལེགས་འགྲུབ་བྱུང་ཡོད་ལ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དྲུག་ཚེག་དགུ་འཕར་ཡོད། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་སྤྱིའི་བསྡོམས་འབོར་དེ་སྒོར་དུང་ཕྱུར་ལྔ་བྱུང་བ་བྱས་ཡོད། ན་ནིང་དུང་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་ཚེག་གཉིས་འཕར་ཡོད། གྲོང་རྡལ་གྱི་སྡོད་དམངས་བཀོད་སྒྲིག་བྱེད་ཆོག་པའི་འོང་སྒོ་དེ་སྒོར་སུམ་ཁྲི་བརྒྱད་སྟོང་བརྒྱ་དང་ཉེར་དྲུག་ལ་མངོན་འགྱུར་བྱུང་ཡོད། ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བརྒྱད་ཚེག་དགུ་འཕར་ཡོད། གྲོང་སྡེའི་སྡོད་དམངས་ཀྱི་བཀོད་སྒྲིག་བྱེད་ཆོག་པའི་འོང་སྒོ་དེ་སྒོར་ཆིག་ཁྲི་ཆིག་སྟོང་བརྒྱད་བརྒྱ་དང་བཅུ་ལེགས་འགྲུབ་བྱུང་ཡོད་ལ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་གཅིག་ཚེག་གཅིག་འཕར་ཡོད།
ལོ་འདིར། ང་ཚོས་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བ་བྱས་ནས་དབུལ་འབྲལ་འགག་སྒྲོལ་ལས་ཀས་མི་སེམས་སྐུལ་ཡོད།
“གྲོང་སྡེ་དབུལ་པོ་བརྒྱ་དང་བཅུ་གཉིས་དང་དུད་ཚང་ལྔ་སྟོང་བདུན་བརྒྱ་བཅུ་བདུན། ཚགས་འཛུགས་བྱང་འགོད་དབུལ་པོ་དུད་ཚང་ཉིས་ཁྲི་ལྔ་སྟོང་བཞི་བརྒྱ་ཞེ་བཞི་གྱི་སྤུས་ཚད་མཐོ་པོའི་དབུལ་བྲལ་དང་རྫོང་གི་དབུལ་ཞྭ་འབུད་པའི་”སྤྱིའི་དམིགས་འབེན་ལ་དམིགས་ནས།དབུལ་བྲལ་འགག་སྒྲོལ་བྱ་རྒྱུ་དེ་“ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཤོས་དང་།འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས།དམངས་འཚོའི་ལས་གྲྭ་ཆེ་ཤོས་”བཅས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས།ཚད་གཞི་ཅན་གྱི་སྲིད་ཇུས་ཀྱིས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་།ལས་འགན་དམ་པོར་དམིགས་ཏེ་འཕེལ་རིམ་དམ་དུ་འཛིན་བྱེད་པ།ཞན་ཆ་དམིགས་ནས་མི་འདང་ས་ཁ་གསབ་བྱས་པ།སྟོབས་ཤུགས་གཅིག་བསྡུས་ཀྱིས་དཀའ་གནད་ལ་ཁ་གཏད་འཇལ་བ།དབུལ་བྲལ་བྱས་པའི་གྲོང་ཚོ་གོ་གཅིག་གི་དུད་ཚང་བཞི་སྟོང་བརྒྱད་བརྒྱ་བཅུ་བདུན་གྱི་དུད་ཚང་ཉིས་ཁྲི་སུམ་སྟོང་དྲུག་བརྒྱ་དོན་དགུ་ཡི་དབུལ་བྲལ་མང་ཚོགས་ལ་“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་ཕྱིར་མིག་བལྟས་ནས་ཞིབ་བཤེར་ཆེན་པོ་བྱེད་པའི་ལས་དོན་སྤེལ་བ། ཉག་ཆུའི་སྟོད་རྒྱུད་ཀྱི་དབུལ་ནག་ས་ཁུལ་ལ་དམིགས་ནས་དབུལ་བྲལ་ཕན་འབྲས་དངོས་ལ་དམ་འཛིན་དང་གནད་སྨིན་དབུལ་སྐྱོང་མངོན་གསལ་དོད་པོ་ཡོང་བ་བྱེད་པ། འགྲིམ་འགྲུལ་ཆུ་བེད། སློབ་གསོ་སྨན་བཅོས། འཕྲིན་གཏོང་གློག་ཤུགས་སོགས་ཆེད་དོན་ལས་གཞི་བཅུ་དགུ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། སྒོར་བྱེ་བ་གཅིག་ས་ཡ་ལྔ་བཏང་ནས་གྲོང་མིའི་བྱེད་སྒོའི་ལྟེ་གནས་ཉེར་བཞི་གསར་སྐྲུན་བྱས་པ་དང་མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་བདུན་ཁྲི་གསུམ་བཏང་ནས“རྒུད་གསབ་ལས་སྤྲོད”དང“ཆུང་གྲས་བཞི”དང་དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲོང་ཚོ་གསར་པའི་ལས་གཞི་ཉེར་གསུམ་ལག་བསྟར་བྱས་པ།“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་”འཆར་འགོད་ནང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང་འཛུགས་སྐྲུན་ལེགས་སྒྲུབ་བྱས་ནས་དབུལ་པོ་དུད་ཚང་སུམ་སྟོང་བཞི་བརྒྱ་ཉེར་དགུ་ཡི་སྡོད་ཁང་འགན་སྲུང་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱས་པ།ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་ས་ཡ་བདུན་གཅིག་བསྡུས་བསྡུ་སྒྲིག་བྱས་ཏེ་གྲོང་ཚོ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དེ་བཞིན་ཐོན་ལས་འཕེལ་རྒྱས་ཉེར་གཅིག་ལག་བསྟར་བྱས་ནས་དུད་ཚང་བརྒྱད་བརྒྱ་བརྒྱད་ཅུ་ཡི་དབུལ་པོ་མི་སེར་སུམ་སྟོང་དྲུག་བརྒྱ་ཉེ་ཤུའི་དབུལ་བྲལ་གྱི་ལོ་འཁོར་དམིགས་ཚད་ལེགས་སྒྲུབ་བྱས་པ།དབུལ་པོར་གྱུར་ཚད་དབྱེ་ཞིབ་སྐབས་ཀྱི་བརྒྱ་ཆ་ཉེར་གཉིས་ཚེག་བརྒྱད་བརྒྱད་ནས་བརྒྱ་ཆ་ཐིག་ཚད་བཞི་གཉིས་ལ་མར་ཆག་ཡོད། དབུལ་བྲལ་གྱི“དབུལ་ཞྭ་ཕུད་པ”ཞིང་ཆེན་དང་ཁུལ་ཡིས་ཞིབ་བཤེར་རྩིས་ལེན་བདེ་བླག་ངང་ལེགས་བྱུང་ནས་དབུལ་ཕོངས་རྫོང་ལས་བུད་པ་རེད།
ལོ་འདིར། ང་ཚོས་སྤུས་ཚད་དང་ཕན་འབྲས་ཆེ་བར་དམིགས་ནས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བས་རྫོངས་ཡོངས་ཀྱི་དཔལ་འབྱོར་ལ་གསོན་ཤུགས་ཆེན་པོ་ལྡན་པ།
ལས་གཞི་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བ།
“ལས་གཞི་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་དང་ལས་གཞི་དམ་འཛིན་བྱེད་པ་ནི་དཔལ་འབྱོར་དམ་འཛིན་བྱེད་པ་རང་ཡིན་པའི”སྟོན་ཕྱོགས་བརྟན་པོ་བཙུགས་ནས་ལས་གཞི་དེ་མ་གཏོང་བརྟན་པོ་ཡོང་བའི་“ཁང་པའི་ནང་གི་ཀ་བ་”ལྟ་བུ་དང་ཁ་ཕྱོགས་སྒྱུར་བའི་“ཆུ་སྣ་”ལྟ་བུ་ལ་བརྩིས་ཏེ་ལས་གཞི་འཛུགས་སྐྲུན་དེ་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་“སྲོག་རྩ་”ལ་བརྩིས་ནས་ཞིང་ཆེན་གྱི་གཞུང་ལམ་བཞི་ལྔ་བདུན་ཏེ་སེར་ཤུལ་ནས་ལོ་ཕྱུག་བར་གྱི་ལམ་ཐིག་དང་རྫོང་སློབ་འབྲིང་གསར་པ་སོགས་ལས་གཞི་དོན་གཉིས་ལག་ལེན་བསྟར་བར་བསྡོམས་པའི་མ་དངུལ་སྒོར་དུང་ཕྱུར་རེ་བཞི་དང་བྱེ་བ་བདུན་བཏང་བ་དང་སྒོར་དུང་ཕྱུར་ཉེར་བཞི་དང་བྱེ་བ་དྲུག་གཏོང་བ་ལེགས་འགྲུབ་བྱུང་བས་འཕེལ་རྒྱས་ཀྱི་གཏིང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ཡོད།
ཚོང་འགུགས་མ་འདྲེན་མུ་མཐུད་དེ་གཏིང་ཟབ་གཏོང་བ།
“ཕྱི་རུ་སྐྱོད་པ་དང་ནང་དུ་འདྲེན་པ་”ཞེས་པའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་།སློབ་གྲྭའི་ས་ཁུལ་གྱི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ།ཁ་གཏད་རོགས་སྐྱོར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།“དྭངས་གཙང་སེར་ཤུལ་ཁྲེན་ཏུའུ་ཡི་དགྱེས་འཛོམས་”ཞེས་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སུའུ་ཉིང་ཡོས་ཀུའུ་དང་ཧུའེ་ཅི་ཚོགས་པ་སོགས་གྲགས་ཅན་ཁེ་ལས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས“བྱམས་བརྩེའི་ཁེ་ལས་སེར་ཤུལ་དུ་བསྐྱོད་པའི”བྱེད་སྒོ་སྤེལ་བ་དང་། ཧྲང་ཧའེ།ཧའེ་ནན།ཡུན་ནན།ཁྲེང་ཏུའུ་སོགས་ས་ཁུལ་གྱི་ཕུལ་བྱུང་ཁེ་ལས་རྫོང་དུ་རྟོག་ཞིབ་དང་གྲོས་མོལ་བྱེད་པར་ཡོང་རྒྱུ་སྒྲིག་འཛུགས་བྱེད་པ།ཧྲེན་ཀྲེན་གྲོང་ཁྱེར་དང་།ཅིན་ཉིའུ་ཆུས།ཁྲོན་ཆིང་ཀྲོན་ཐོན།ཀྲུང་གོ་འབྲུ་རིགས་ཚོགས་པ།ཁྲེང་ཏུའུ་བཟོ་ལས་ལས་རིགས་ཁང་སོགས་རོགས་སྐྱོར་ཚན་པས“ཉོ་སྒྲུབ་ཀྱིས་ཞལ་འདེབས་ཞུ་བའི”འཛད་སྤྱོད་དབུལ་སྐྱོར་བྱེད་སྒོ་སྤེལ་བ། རྫོང་ནང་ཁུལ་གྱི་ཁེ་ལས་སྒྲིག་འཛུགས་བྱས་ཏེ་རིགས་སོ་སོའི་འགྲེམ་ཚོང་ཉེར་བརྒྱད་ནང་ཞུགས་ནས་བྲིན་ཚོང་མངགས་ཐོ་སྒོར་བྱེ་བ་གཅིག་ལ་མིང་རྟགས་བཀོད་དེ་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ས་ཡ་བཞི་ཟིན་པ།དྲ་ཐོག་ཚོང་དོན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྫོང་དང་།ཤང་།གྲོང་ཚོ་བཅས་ཀྱི་ཚོང་དོན་ས་ཚིགས་བརྒྱ་དང་ཉེར་དྲུག་བསྐྲུན་ནས་གསོ་སྦྱོང་ཐེངས་ཞེ་བཞི་བྱས་པ་དེ་མི་ཐེངས་ཉིས་སྟོང་བརྒྱ་དང་དགུ་ཅུ་ལ་ཁྱབ་པ་དང་ཚོང་དོན་འཁོར་རྒྱུག་དང་ཁེ་ལས་འབྲིང་ཆུང་གི་ཁ་གསབ་མ་དངུལ་སྒོར་ས་ཡ་དྲུག་འབུམ་ལྔ་ལ་བརྩོན་ལེན་བྱས།《སེར་ཤུལ་རྫོང་གིས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་དོན་ཚན་བཅུ་གཉིས་》གཏན་འབེབས་བྱས།
ལོ་འདིར། ང་ཚོས་མི་གཙོ་བོར་བཟུང་ནས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་བཏང་བས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དུ་གོང་མཐོ་ཕྱིན་ཡོད།
སྤྱི་པའི་ཞབས་ཞུས་ཀུན་ལ་ཕན་བཏགས་པ།
མི་དམངས་ཀྱིས་ཡིད་ཚིམ་པའི་སློབ་གསོ་ལེགས་པོར་གཉེར་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ད་ལྟ་སློབ་གྲྭར་ཡོད་པའི་སློབ་མ་ཉིས་ཁྲི་དགུ་བརྒྱ་ཉེར་ལྔ་ཡོད་པ་དེ་ལོ་སྔོན་མ་དང་བསྡུར་ན་ལྔ་སྟོང་གཅིག་བརྒྱ་ང་དྲུག་མང་དུ་སོང་བ་དང་།སློབ་གྲྭར་འགྲོ་མཚམས་མི་ཆད་པ་ཚོད་འཛིན་དང་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།“རིན་མེད་གསུམ་དང་ཁ་གསབ་གཅིག”།དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར།འཚོ་བཅུད་ལེགས་གཏོང་འཆར་གཞི་སོགས་སློབ་གསོའི་དམངས་ཕན་མ་དངུལ་སྒོར་ཁྲི་དྲུག་སྟོང་བརྒྱད་བརྒྱ་སུམ་ཅུ་སྤྲད་པ།སློབ་མ་བརྒྱ་དང་དོན་བརྒྱད་འདེམ་ནས་ནང་ས་རུ་དམའ་འབྲིང་དང་མཐོ་འབྲིང། ལོ་གསུམ་ཡོན་མེད་ལས་རིགས་སློབ་གསོ་སོགས་ལ་མངགས་ཡོད།ཅིན་ཉིའུ་སློབ་དཔོན་གྲགས་ཅན་རྫོང་དུ་སློབ་ཁྲིད་བྱེད་པར་གདན་འདྲེན་ཞུས་པ་དང་།མ་དངུལ་སྒོར་བྱེ་བ་བཞི་ས་ཡ་བརྒྱད་འབུམ་ལྔ་ཁྲི་ལྔ་བཏང་ནས་སློབ་གསོའི་རིམ་སྤོར་ལས་གཞི་བཅུ་དྲུག་ལག་བསྟར་བྱས་པ་དང་མ་དངུལ་སྒོར་ས་ཡ་ལྔ་བཏང་སྟེ་གློག་རྡུལ་པང་ལེབ་དཀར་པོ་དང་བརྒྱུད་ལམ་སྣེ་མང་གི་སློབ་ཁང་སོགས་སྒྲིག་སྦྱོར་བྱས་ཡོད་པས་སློབ་གྲྭ་འཛུགས་པའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བསྒྱུར་གཏོང་ཡོད། “བདེ་ཐང་གི་སེར་ཤུལ་”ལས་དོན་ལ་དམ་འཛིན་བྱས་ཏེ་མ་དངུལ་སྒོར་བྱེ་བ་ལྔ་ས་ཡ་ལྔ་འབུམ་གཉིས་བཏང་ནས་སྨན་བཅོས་འཕྲོད་བསྟེན་གྱི་ལས་གཞི་ཉེར་གསུམ་ལག་བསྟར་བྱས་པ་དང་།གསོ་རིག་རྩལ་ནུས་མི་སྣ(གྲོང་གསེབ་ཀྱི་སྨན་པ་ཚུད་པ)གོ་བརྒྱད་བསྡུས་པ།“རིན་མེད་བཅུ་དང་ཁ་གསབ་བཞི”།སྨན་བཅོས་རོགས་སྐྱོབ།སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་སོགས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད། རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས“རིམ་པ་གཉིས་པའི་ཆུ་ཚད་ཁ་པ་”འཛུགས་སྐྲུན་ནས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ནན་མོ་བཏང་བས་རིམ་དབྱེའི་སྨན་བཅོས་བྱེད་སྟངས་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ།ཁྱིམ་ཚང་སྨན་པའི་ཞབས་ཞུ་རུ་ཁག་ཉེར་གསུམ་བཙུགས་ནས་མི་ཚོགས་གཙོ་ཆེ་བ་དག་ལ་ཁྱབ་པ་བྱེད་པ།“ཉུང་བཙའ་མྱུར་ཕྱུག”དང“བྱ་དགའ་རོགས་སྐྱོར”སོགས་བུད་མེད་དང་བུ་བཙའི་ཁ་གསབ་མ་དངུལ་སྒོར་ས་ཡ་གཅིག་འབུམ་བཞི་ཁྲི་བརྒྱད་སྤྲད་པ།བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་རང་བཟོས་བོད་སྨན་ཞེ་ལྔ་ཡོད་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དགུ་ཁྲི་བཞི་བརྒྱ་དོན་གཉིས་དང་འགན་ཞུགས་ཚད་བརྒྱ་ཆ་གོ་དགུ་ལ་ཟིན་ཡོད། སྨན་བཅོས་འགན་སྲུང་གྲོན་དངུལ་རྩིས་ཞུ་བཞི་སྟོང་བདུན་བརྒྱ་བཞི་བཅུ་བྱས་པའི་མི་ཐེངས་བྱེ་བ་གཅིག་ས་ཡ་བདུན་འབུམ་དྲུག་ཁྲི་དགུ་ལ་ཟིན་པ།ཨེ་ཙེའི་ནད་དང་འདུས་འདྲིལ་གཅོང་ནད་སོགས་ཚབས་ཆེའི་འགོས་ནད་འགོག་བཅོས་སྔར་བས་ཤུགས་དྲག་ཏུ་བཏང་བ་དང་།ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་སེར་ཤུལ་གྱི་སྒྲུབ་སྲོལ་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་བ།“ཁྱི་ནད་རྩ་མེད་བཟོ་བ་དང་།ནད་པ་སྐྱོབ་པ།འབྱོར་འབྲིང་ཕྱོགས་སུ་སྐྱོད་པ”བཅས་རྫོང་ཡོངས་ཀྱི་ཐུན་མོང་ངོས་འཛིན་དུ་གྱུར་ནས་ཕྱོགས་བསྡུས་འགོག་བཅོས་ལ་རྒྱབ་སྐྱོར་བྱེད་ཚད་བརྒྱ་ཆ་གོ་དགུ་དང་གསུམ་གསུམ་ལ་སླེབས་པ།
དམངས་འཚོ་འགན་སྲུང་སྣ་མང་ཅན་ལ་སྐུལ་བ།
མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་དྲུག་བཏང་ནས་དམངས་འཚོའི་བཟོ་སྐྲུན་ཞེ་བདུན་ལག་བསྟར་བྱས་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དང་།དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ།དབང་པོ་སྐྱོན་ཅན་ལ་ནད་གཡོག་བྱེད་པ་སོགས་ཀྱི་རོགས་སྐྱོབ་སྒོར་མོ་བྱེ་བ་དགུ་ས་ཡ་ལྔ་འབུམ་བརྒྱད་ཁྲི་བཞི་སྤྲད་པར་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་བཞི་ཁྲི་སུམ་སྟོང་དྲུག་བརྒྱ་ལ་ཕན་བཏགས་པ།རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒན་གསོ་ཁང་བཞི་ཉམས་གསོ་དང་སྒྱུར་བཀོད་བྱས་པ།ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་བརྒྱ་དང་ཞེ་གཉིས་བསྡུ་ལེན་བྱས་པ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་ཉིས་བརྒྱ་ང་ལྔ་གསར་སྤེལ་བྱས་པ།སེར་ཤུལ་རྫོང་གི་ལག་རྩལ་རྩལ་ནུས་གསོ་སྦྱོང་ལྟེ་གནས་བཙུགས་ནས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་ཉི་ཤུ་གཉེར་བ་དང་།མི་ཐེངས་ཆིག་སྟོང་ལྷག་ཙམ་ལ་གསོ་སྦྱོང་བྱས་པ།མི་བདུན་བརྒྱ་སོ་གསུམ་ལ་ངལ་ནུས་ཕྱིར་གཏོང་བྱས་པ།ལས་ཀ་ཤོར་ཚད་དེ་བརྒྱ་ཆ་བཞི་དང་ཚེག་གཉིས་ལ་ཚོད་འཛིན་བྱས་པ་དང་།སྤྱི་ཚོགས་འགན་སྲུང་ལ་དམ་འཛིན་ནན་པོ་བྱས་ནས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་མཁན་མི་ཐེངས་བདུན་ཁྲི་བཞི་སྟོང་ཉིས་བརྒྱ་ཟིན་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆ་གོ་གཉིས་ལ་ཟིན་པ།ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་གང་ཐུབ་བྱས་ནས་ཞིང་པ་ལས་མིའི་གླ་ཕོགས་སྒོར་བྱེ་བ་གཅིག་ས་ཡ་གཅིག་དབུམ་གཉིས་འདེད་ལེན་བྱས་ཡོད།
རིག་གནས་ཀྱི་རྨང་གཞི་བརྟན་པོ་བཙུགས་པ།
“མཚོ་བོད་ས་མཐོའི་བྲག་རིས་སེར་ཤུལ་གླེང་སྟེགས”ཏེ་ཀྲུང་གོ་གསར་པ་དབུ་བརྙེན་ནས་ལོ་བདུན་ཅུ་འཁོར་བའི་རྟེན་འབྲེལ་ཞེས་པའི“ཀྲུང་གོ་སེར་ཤུལ་-ཉི་མའི་ཚོ་པའི་གུར་གྱི་རོལ་རྩེད་འདུ་ཚོགས་”སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་།བཙན་མདའ་ཤང་འབར་དྷ་དགོན་ནི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པར་གཏན་འཁེལ་བྱས་པ།སྲིད་འཛིན་གྲོང་ཚོའི(སྡེ་ཁུལ)རིག་གནས་བྱེད་སྒོ་ཁང་བརྒྱ་དང་བདུན་ཅུ་ཡི་སྒྲིག་ཆས་སྒྲིག་སྦྱོར་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ“དུད་ཚང་ཀུན་ལ་ཁྱབ་པ་དང་གྲོང་ཚོ་ཀུན་ལ་ཁྱབ་པའི”རིག་གནས་བྱེད་སྒོ་ཁང་སུམ་སྟོང་སྤྲད་པ་དང་།རིག་གནས་གཞི་རིམ་དུ་ཐེངས་བརྒྱ་དང་སོ་གཉིས་བསྐྱལ་བས་མང་ཚོགས་མི་ཐེངས་ཁྲི་ཆིག་ཁྲི་བརྒྱད་སྟོང་ལ་ཕན་བཏགས་བ།“འགྲེམས་ཁང་གཉིས་དང་ས་ཚིགས་གཅིག”གི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས《ཉི་མའི་ཚོ་བ་ལ་ཕུལ་བའི་ཁ་བཏགས(པར་མ་དེབ)》རྩོམ་སྒྲིག་དཔེ་སྐྲུན་བྱས་པ་དང་།རིག་རྩལ་བརྩམས་ཆོས་དྲུག་ཅུ་ལྷག་ཙམ་གསར་རྩོམ་བྱས་པ།ཀྲུང་དབྱང་རིམ་པའི་གཙོ་རྒྱུན་སྨྱན་སྦྱོར་དང་གཞོགས་འདེགས་བྱས་ནས《འབྲི་ཆུའི་རོལ་དབྱངས·སྐྱེ་ཁམས་སེར་ཤུལ་》ཞེས་པའི་ལེ་ཚན་རབ་དང་རིམ་པ་པར་ལེན་བྱས་ནས་ལེགས་སྒྲུབ་བྱས།
སྤྱི་ཚོགས་བཅོས་སྐྱོང་ཡག་མོ་དང་ཕན་འབྲས་བཟང་པོ་ཐོན་པ།
ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ།ཁྲོ་ཤུལ་གོང་མ་སོགས་ཁྱིམ་རྒྱུད་ཆོས་ལུགས་ཀྱིས་མང་ཚོགས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་ལ་འགོག་རྐྱེན་བཟོ་བའི་རྩུབ་སྤྱོད་ཚོགས་པ་མེད་པ་བཟོས་པ།“ཞི་བདེ་སེར་ཤུལ་”འཛུགས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་ཉེས་དོན་གྱོད་གཞི་དོན་བདུན་རྩད་ཆོད་པ་དང་བདེ་སྲུང་གྱོད་གཞི་བརྒྱ་དང་བདུན་ཅུ་ཐག་གཅོད་བྱས་པ་དང་།མེ་མདའ་དང་འབར་གས་དངོས་རྫས་ཞིབ་བཤེར་མུ་མཐུད་དུ་སྤེལ་བ་དང་ནུས་ཤུགས་ཆེན་པོས་ཞུའེ་ལོན་བཟོ་སྐྲུན་དང་ཐེན་ཝང་འཛུགས་སྐྲུན།“ཚད་གཞི་གཅིག་དང་བདེན་པ་གསུམ་”གྱི་གཞི་གྲངས་ཁྲི་བདུན་སྲུང་སྐྱོང་དང་གསར་སྒྱུར་བྱས་པ།བདེ་འཇགས་ཚད་ལྡན་ཅན་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་སྔར་བས་གོང་མཐོར་བཏང་ཡོད།བྱེད་སྒོ་གལ་ཆེན་སྤེལ་རིང་ཡིག་བསྐུར་ངོ་བཅར་དང་།བདེ་འཇགས་སྲུང་སྐྱོབ།བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ།“ལོ་ལྔའི་འཆར་འགོད་ཨང་བདུན་པའི་ཁྲིམས་ལུགས་དྲིལ་བསྒྲགས་”ཀྱི་་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས“བཅའ་ཁྲིམས་བདུན་སྤེལ”གྱི་བྱེད་སྒོ་ཐེངས་བཞི་བརྒྱ་སྤེལ་བ་དང་།འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བདུན་བརྒྱ་བྱས་པ།བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་བཅུ་གཉིས་དང་དོན་ཚན་ཉིས་བརྒྱ་དོན་དྲུག་བདག་སྤྲོད་བྱས་པ།སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་མ་བརྟན་པོ་བཏང་བ།དགོན་སྡེའི་ཚད་ལོན་རིམ་སྤོར་བརྟན་དུ་གཏོང་བར་མ་དངུལ་སྒོར་བྱེ་བ་གསུམ་ས་ཡ་གཅིག་འབུམ་གསུམ་ཁྲི་བཞི་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་།དགོན་སྡེའི་གྲྭ་བཙུན་དང་ནོར་དོན་སོགས་ཀྱི་འབྲེལ་ཡོད་ལམ་ལུགས་ཚད་ལྡན་དུ་བཏང་བ།ཆོས་ལུགས་བྱེད་སྒོ་ཐེངས་བཅུ་གཉིས་ལེགས་སྒྲིག་བྱས་པ།“དར་བཏགས་ཀྱི་ཟིང་ཆ”ང་དྲུག་བཅོས་སྒྲིག་བྱས་པ།མཐོངས་ཡངས་ཆོས་ལུགས་ཀྱི་སྐུ་བརྙན་བཅུ་བཅོས་སྒྲིག་བྱས་པ།རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་ཏན་ཏིག་ངང་སྤེལ་བ།རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆ་བརྟག་དཔྱད་ལས་དོན་ཐེངས་གསུམ་པ་གཏིང་ཟབ་སྤེལ་བ་དང་།ས་ཆའི་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ།ས་ཆ་གོང་ཞུ་བྱེད་པའི་ལམ་ལུགས་ནན་དུ་གཏོང་བ།འཛུགས་སྐྲུན་ས་ཆ་སོ་གཉིས་ལ་གྲ་སྒྲིག་ཞིབ་བཤེར་ལེགས་སྒྲུབ་བཅས་བྱས་ཡོད།ཟས་རིགས་ཀྱི་འབྱུང་ཁུངས་བདེ་འཇགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།མེ་ཟོན་བདེ་འཇགས་དང་།ཨར་སྐྲུན་ཁྲོམ་ར།དམིགས་བསལ་སྒྲིག་ཆས་སོགས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་རིགས་ཀྱི་ཆེད་དོན་བཅོས་སྒྲིག་མུ་མཐུད་བྱེད་པ།བག་བསྟུན་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་མི་བཞི་བཅུ་གདན་ཞུ་བྱས་ཏེ་སེར་ཤུལ་རྫོང་གི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་བཙུགས་པ་དང་སེར་ཤུལ་རྫོང་མི་རིགས་ཞག་སྡོད་ལམ་ལུགས་སློབ་འབྲིང་དང་ལོ་ཕྱུག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭར་ཞིང་ཆེན་རིམ་པའི་ཡོམ་འགོག་གེགས་སེལ་དཔེ་སྟོན་སློབ་གྲྭ་འཛུགས་པ།རྫོང་ཡོངས་ཀྱི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཐོན་ཡུལ་བརྒྱ་དང་དོན་གཉིས་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་ཤུགས་ཆེ་རུ་བཏང་ནས་འབྲི་ཆུའི་པེ་ཀེ་ཡན་སའེ་མཚེའུ་བསྐྱར་སྐྲུན་ལས་གཞི་ལེགས་སྒྲུབ་བྱས་པ་རེད།
ལོ་འདིར། ང་ཚོས་གྲོང་ཁྱེར་དང་གྲོང་གསེབ་གོང་འཕེལ་ཡོང་བར་ཕྱོགས་ཀུན་དུ་དོ་དམ་བྱས་ནས་གྲོང་གསེབ་འཕེལ་རྒྱས་ཡོང་བའི་རྨང་རྡོ་ཇེ་བརྟན་དུ་གཏོང་ཡོད།
གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་མཐུན་སྦྱོར་ངང་གོང་འཕེལ་ཡོང་བ།
གྲོང་ཁྱེར་དང་གྲོང་གསེབ་མཉམ་འབྲེལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ《སེར་ཤུལ་རྫོང་གི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད(ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་བར)》རྩོམ་སྒྲིག་ལས་ཀར་སྐུལ་འདེད་གཏོང་བ་དང་བསྡོམས་པའི་སྒོར་དུང་ཕྱུར་དུང་ཕྱུར་གསུམ་བྱེ་བ་དགུ་བཏང་ནས“རྫོང་གྲོང་སྟོབས་ཆེར་གཏོང་བ་དང་།ཤང་གྲོང་ལེགས་སུ་གཏོང་བ།མཛེས་སྡུག་གྲོང་ཚོ་གཏོད་པ”བཅས་ཀྱི་ལས་གཞི་བཅོ་ལྔ་ལག་བསྟར་བྱས་པ་རེད།མ་དངུལ་སྒོར་བྱེ་བ་ལྔ་ས་ཡ་གཅིག་འབུམ་དྲུག་ཁྲི་གསུམ་བཏང་ནས་བོད་ཁུལ་གྱི་སྡོད་ཁང་གསར་པ་ཆིག་སྟོང་བདུན་བརྒྱ་ཉེར་གཅིག་སྒྱུར་བཀོད་བྱས།མ་དངུལ་སྒོར་བྱེ་བ་གསུམ་བཏང་ནས་སོ་ཕག་ཁང་པར་སྒྱུར་བཀོད་དང་ཞོར་གཏོགས་སྒྲིག་ཆས་འཛུགས་སྐྲུན་ལེགས་སྒྲུབ་བྱས།མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་གཅིག་འབུམ་དགུ་བཏང་སྟེ་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དང་དེ་བཞིན་འབུམ་རྙིང་གྲོང་རྡལ་དང་ཐོན་ལས་གླིང་ཁུལ་གྱི་ཉི་ནུས་ལམ་སྒྲོན་སྒྲིག་སྦྱོར་བྱས་པ།“གསང་སྤྱོད་གསར་བརྗེར”སྐུལ་འདེད་ཏན་ཏིག་བཏང་ནས་སྤྱི་པའི་གསང་སྤྱོད་སོ་དྲུག་གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ།མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་བཞི་བཏང་ནས་ནོར་ལུག་གི་བཙོག་ཆུ་གཙང་བཅོས་བཟོ་གྲྭ་དང་།དྲོད་རླབས་འཚོ་བའི་གད་སྙིགས་གནོད་མེད་ཅན་གྱི་གཙང་བཅོས་བཟོ་གྲྭ་འཛུགས་སྐྲུན་བྱེད་པར་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་གསུམ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ།“སྣ་དགུ་ཐིག་གཅིག་”བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས“ཁྲིམས་འགལ་ར་བ་དང་།ཁྲིམས་འགལ་སྒྲིག་བཟོ།ཁྲིམས་འགལ་བེད་སྤྱོད།ཁྲིམས་འགལ་འཛུགས་སྐྲུན་”བཅས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ་ས་ཆའི་རྩོད་གཞི་འདུམ་འགྲིག་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་རྩིས་བྱས་ན་ཁྲིམས་འགལ་བཟོ་སྐྲུན་ཉིས་བརྒྱ་སུམ་ཅུ་ལྷག་ཙམ་བཤིག་པ།ས་ཞིང་སྣོན་འཕྲི་འབྲེལ་མཐུད་ལས་གཞི་བརྒྱ་དང་བཅུ་གསུམ་ཡི་མུའུ་ཆིག་སྟོང་ཆིག་བརྒྱ་རེ་བརྒྱད་ལེགས་སྒྲུབ་བྱས་པ་དང་།ཁེ་སྤོགས་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ཐོབ་ཡོད།ཐང་བོད་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ལོ་ཕྱུག་གྲོང་རྡལ་གྱིས་ཞིང་ཆེན་རིམ་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་།གསེར་ཕྱུག་དར་དམར་གྲོང་ཚོ་དང་པོ་སོགས་སྲིད་འཛིན་གྲོང་ཚོ་བཅུ་ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་སྡེར་བདམས་ནས་བེ་མདའ་ཤང་གི་སྨན་འབྲས་གྲོང་ཚོ་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེར་བསྐྱོད་པ་རེད།
འགྲིམ་འགྲུལ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ།
བརྒྱ་ལམ་གསུམ་བཞི་ལྔ་དང་།གཉིས་གཅིག་ལྔ། བཞི་ལྔ་བདུན་སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་འཛུགས་སྐྲུན་དང་།རྫོང་གྲོང་གི་གྲོང་དོན་འགྲོ་ལམ།གྲོང་ཚོར་ཤར་བགྲོད་ཐུབ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་།“འཕྲེད་བཞི་གཞུང་ལྔ་”ཡི་ཤང་ལམ་གྱི་རྨང་གཞིའི་བཀོད་པ་དང་“ཆེ་བ་གཅིག་དང་ཆུང་བ་ལྔའི”འགྲིམ་འགྲུལ་སྐོར་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་བཏང་ཞིང་།འགྲིམ་འགྲུལ་རྒྱུན་མཐུད་འཛུགས་སྐྲུན་ལས་གཞི་བཅུ་ཡི་ལམ་ཐག་སྤྱི་ལེ་རེ་ལྔ་དང་ཚེག་བཞི་ལེགས་གྲུབ་བྱུང་ཡོད།གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ལྔ་བརྒྱ་སོ་བརྒྱད་དང་ཉེན་ཡོད་ཟམ་པ་བཅུ་གཉིས་སྒྱུར་བཀོད་བྱས།“ཡུན་ཏོན་”གྱི་ལམ་བཟོ་བར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དོ་སྣང་ཐོབ།སྒོར་ཁྲི་བྱེ་བ་དྲུག་བཏང་ནས་བྲག་ཤར་དང་།ཨ་རིག་རྫ།དབོན་པོ་གྲོང་བརྡལ་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་འགོ་བཙུགས་པ།རྫོང་གྲོང་གི་སྤྱི་སྤྱོད་རླངས་འཁོར་དང་།བོགས་གཏོང་རླངས་འཁོར།རྫོང་གྲོང་ནས་ཡུལ་ཤུལ་དང་།དཀར་མཛེས།བཙན་མདའ་སོགས་འགྲུལ་སྐྱེལ་ལམ་ཐིག་ལྔ་གསར་དུ་ཤར་གཏོང་ཐུབ་ནས་སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆ་དགུ་བཅུ་ལ་ཟིན་པ།སྤྱི་པའི་ཞབས་ཞུ་དེ་གྲོང་གསེབ་ཏུ་མགྱོགས་མྱུར་ཁྱབ་པར་་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་འབྲེལ་གཏུག་གི་ནང་འབྲེལ་གཞུང་ལམ་དྲ་བ་དེ“ཕྱོགས་ཡོངས་ཁྱབ་པར་”སྔར་བས་ཕུན་སུམ་ཚོགས་པར་གཏོང་དགོས།
ཆུ་བེད་རྨང་གཞི་རྒྱུན་ཆད་མེད་པར་གཏིང་ཟབ་གཏོང་བ།
མ་དངུལ་སྒོར་བྱེ་བ་བཞི་བཏང་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་བརྟན་གཏོང་ལས་གྲྭ་ལག་བསྟར་བྱས་པ་དང་།ཁྲོན་པ་དྲུག་བརྒྱ་དང་བཅུ་གསར་སྐྲུན་དང་ཁག་སུམ་བརྒྱ་ཉེར་དྲུག་ལ་ཉམས་གསོ་བརྟན་པོ་བྱས།མི་དྲུག་སྟོང་སུམ་བརྒྱ་བཞི་བཅུའི་བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ།མ་དངུལ་སྒོར་བྱེ་བ་དྲུག་ས་ཡ་གཅིག་འབུམ་གཉིས་ཁྲི་གཉིས་བཏང་ནས་ཉག་ཆུའི་གཞུང་ཆུའི་རྩ་དམར་ཁུལ་གྱི་ལྟེ་བའི་གྲོང་རྡལ་སོགས་འབྲུབ་འགོག་བཅོས་སྐྱོང་ལས་གྲྭ་ལྔ་ལག་བསྟར་བྱས་པ་དང་།འབྲུབ་འགོག་ཆུ་རགས་སྤྱི་ལེ་བཅུ་ཚེག་ལྔ་བདུན་གསར་སྐྲུན་བྱས་པ།མ་དངུལ་སྒོར་ཁྲི་བྱེ་བ་གཅིག་བཏང་ནས་ཉི་ནུས་ཆུ་འདྲེན་ས་ཚིགས་ལྔ་གསར་སྐྲུན་བྱས།
སྐྱེ་ཁམས་བཅོས་སྐྱོང་གི་གྲུབ་འབྲས་གཟེངས་སུ་ཐོན་པ།
“དྭངས་གཙང་གི་རི་ཆུ་ནི་རིན་ཆེན་གསེར་དང་འདྲ་”བའི་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་གཏིང་ཟབ་བྱས་ནས“ཐུན་མོང་གིས་སྲུང་སྐྱོང་ཆེན་པོ་བྱེད་པ་དང་གསར་སྤེལ་ཆེན་པོ་མི་བྱེད་པའི”བྱེད་ཕྱོགས་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ་ཁོར་ཡུག་སྲུང་སྐྱོང་ཐད“ཏང་སྲིད་ཀྱི་འགན་འཁྲི་མཉམ་པ་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱས་ནས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྤུས་ཚད་ཀྱི་འཕར་གཞི་ཞིག་ཏུ་གྱུར་ནས་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།ཁྲོམ་རྫ་གོང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་རང་བྱུང་སྲུང་སྐྱོབ་ཁུལ་ན་ཐང་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ་འཛུགས་སྐྲུན་བྱེད་འགོ་ཚུགས།སྒོར་བྱེ་བ་གཅིག་བཏང་ནས་གད་སྙིགས་སྦས་རྫིང་བཞི་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་པ།མ་དངུལ་སྒོར་ས་ཡ་ལྔ་འབུམ་དྲུག་ཁྲི་དྲུག་བཏང་ནས་འབྲི་ཆུའི་འབབ་རྒྱུད་ཀྱི་ལོ་ཕྱུག་ཁུལ་གྱི་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ།རྩྭ་ཐང་གསབ་འདེབས་།མིའི་ཐབས་ལ་བརྟེན་ནས་གཟན་རྩྭ་འདེབས་པའི་མུའུ་འབུམ་གཅིག་ཁྲི་བདུན་ཆིག་སྟོང་ལེགས་སྒྲུབ་བྱས་པ་དང་།ས་ནག་གྲམ་ཐང་དང་།དུག་ལྡན་རྩྭ་སྙིགས།བྱེ་འགྱུར་ས་ཆ་བཅས་མུའུ་ཉིས་ཁྲི་དྲུག་སྟོང་ཉིས་བརྒྱ་བཅོས་སྒྲིག་བྱས་པ།ར་སྐོར་བཀག་གསོ་དང་སྔོ་བསྒྱུར་མུའུ་ཆིག་སྟོང་སུམ་བརྒྱ་བྱས།སྲིན་ཤིང་རིགས་སྣ་ཚོགས་པ་འབུམ་བཞི་ཁྲི་དགུ་བདུན་སྟོང་བཏབ་པ་དང་སྔོ་ཁེབས་ཁྱབ་ཚད་ལོ་གོང་མ་ལས་བརྒྱ་ཆ་བཅུ་འཕར་བ།རྩྭ་གསོའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་གཅིག་སྤྲོད་པ་དང་ཉིས་སྟོང་བཅོ་བརྒྱད་ལོའི་དོ་དམ་སྲུང་སྐྱོང་ཁ་གསབ་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་གསུམ་སྤྲད་པ་དང་སྣོད་བཅུད་ནགས་སྲུང་བའི་ཁ་གསབ་མ་དངུལ་སྒོར་ས་ཡ་དགུ་འབུམ་བདུན་ཁྲི་བཞི་སྤྲད་པ།སྐྱེ་ཁམས་ཁོར་ཡུག་དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་ནན་མོ་གཏོང་བ་དང་།རྡོ་ཧྲུག་ཐོན་ཁུངས་གསར་སྤེལ་གྱི་དོ་དམ་ཚད་ལྡན་ཅན་དུ་བསྒྱུར་བ།སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ།དེའི་ནང་སྒྲིག་འགལ་ཁེ་ལས་གཉིས་ཞིབ་དཔྱོད་བྱས་པ་དང་སྒོར་ས་ཡ་བརྒྱད་འབུམ་དྲུག་ཁྲི་བརྒྱད་ཀྱི་ཆད་པ་གཅོད་པ།“ཆུ་བོའི(མཚེའུ)འགོ་འཛིན”གྱི་དོ་དམ་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ《ཧྲི་ཆུ-སྡེ་དགེ་འབབ་རྒྱུད་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་ཅིང་།ཆུ་ལམ་སྤྱི་ལེ་བཅུ་གསུམ་ཚེག་ལྔ་གཙང་སེལ་བྱས་པ།སྒོར་འབུམ་དགུ་ཁྲི་དགུ་བཏང་སྟེ་དབང་ཆུའི་ཆུ་ཁོངས་ཐིག་ཚེག་གཏན་འབེབས་ལེགས་འགྲུབ་བྱུང་ནས“ཆུ་བོ་གཙང་སེལ་དང་།ཆུ་འགྲམ་སྲུང་སྐྱོབ།ཆུ་གཙང་བསྒྱུར་དང།ཆུ་བོ་སྲུང་སྐྱོབ”བཅས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད།
གློག་ཤུགས་དང་འཕྲིན་གཏོང་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ།
མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་གཅིག་བཏང་ནས་སྟག་མདའ་དང་ཀྲེན་ཏ་གློག་དྲ་གཞན་སྒྱུར་སྤོ་སྒྱུར་ལེགས་སྒྲུབ་བྱས་པ་དང་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་གསུམ་འབུམ་གསུམ་ཁྲི་གཉིས་བཏང་ནས་དུད་ཚང་དབུལ་པོ་བཞི་བརྒྱ་ང་བརྒྱད་ཀྱི་གློག་སྤྱོད་འགན་ལེན་ནུས་ལྡན་བྱས་པ།མ་དངུལ་སྒོར་ས་ཡ་བདུན་འབུམ་གསུམ་ཁྲི་བཞི་བཏང་ནས་སྲིད་འཛིན་གྲོང་ཚོ་དྲུག་གི་གློག་དྲ་སྒྱུར་བཀོད་ལེགས་སྒྲུབ་བྱས་པ་དང་དུད་ཚང་ཆིག་སྟོང་དགུ་བརྒྱ་སྒྲིག་སྦྱོར་བྱས་པ་རེད།དྭངས་གསལ་འཕྲིན་གཏོང་སྦྲེལ་ཚུགས་གོ་གཅིག་གསར་སྐྲུན་བྱས་པ།གྲོང་ཚོ་དབུལ་པོ་ཉེར་གཅིག་གི་འོད་སྐུད་ཡོངས་སུ་ཁྱབ་པར་བྱས་པ།གྲོང་གསེབ་ཀྱི་དུད་ཚང་ཆིག་སྟོང་བརྒྱད་བརྒྱ་སོ་གཉིས་ལ་དྲ་ཆེན་ཤར་གཏོང་ཐུབ་པ།འོད་སྐུད་སྤྱི་ལེ་བདུན་བརྒྱ་ང་དགུ་གསར་སྐྲུན་བྱས།རབ་གསལ་སྦྲེལ་ཚུགས་འཛུགས་སྐྲུན་གྱི་དུས་འགོའི་ལས་ཀར་སྐུལ་འདེད་ཧུར་ཐག་བཏང་བ་དང་།གཞི་གྲངས་ཆེན་པོའི་གནས་ལྔ་བརྒྱ་ཞེ་གཅིག་བཟོས་ཡོད།
ལོ་འདིར། ང་ཚོས་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་ཡོང་བའི་ཐབས་ལམ་རྒྱ་བསྐྱེད་པ་དང་།ཐོན་ལས་གོང་སྤེལ་གྱི་རྣམ་པ་རིམ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད།
ཞིང་འབྲོག་ཐོན་ལས་འཕེལ་རྒྱས་བརྟན་པོ་ཡོང་བ།
ལོ་ཧྲིལ་པོའི་རིགས་སོ་སོའི་ལག་ཡོད་སྒོ་ཕྱུགས་འབུམ་གསུམ་ཁྲི་དགུ་ཆིག་སྟོང་བརྒྱད་བརྒྱ་ཡོད་པ་དང་། སྤྱིའི་ཆ་ནས་ཁྲི་གཅིག་སྟོང་བརྒྱད་འཕར་ཡོད། བཤས་བཙོང་བརྒྱད་ཁྲི་ཉིས་སྟོང་ལྔ་བརྒྱ་བྱས་པ་དང་། ཕྱིར་ཚོང་ཆིག་ཁྲི་བརྒྱད་སྟོང་བྱས། ཕྱིར་ཚོང་ཚད་དང་ཚོང་རྫས་བསྒྱུར་ཚད་དེ་རིམ་པ་བརྒྱ་ཆ་བཅོ་བརྒྱད་དང་བརྒྱ་ཆ་བཅུ་གསུམ་ཟིན་ཡོད། ཤ་ཏོན་ལྔ་སྟོང་བརྒྱད་བརྒྱ་ཐོན་སྐྱེད་བྱས་པ་དང་། འོ་མ་ཏོན་ཆིག་ཁྲི་བཞི་སྟོང་ཉིས་བརྒྱ་ཐོན་སྐྱེད་བྱས། ཞིང་ཆེན་གཞུང་ལམ་བཞི་ལྔ་དྲུག་ཐིག་རྒྱུད་ཀྱི་ལྗང་མདོག་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་དཔེ་སྟོན་ཁུལ་དང་རྒྱལ་ལམ་གཉིས་གཅིག་ལྔ་ཐིག་རྒྱུད་ཀྱི་སྐྱེ་ཁམས་ཞིང་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་།རྫ་ཆུ་ཁའི་འབྲོག་སྡེ་མ་ལག་བདེ་བླག་ངང་ཀྲུང་གོའི་གལ་ཆེ་བའི་ཞིང་ལས་རིག་གནས་ཤུལ་བཞག་ལ་སྙན་ཞུ་ཕུལ་བ།ཁེ་ལས་རྩེ་གྲས་དང་གླིང་ཁུལ།མཉམ་ལས་ཁང་།ཞིང་པ་བཅས་མཉམ་སྦྲེལ་བྱས་པའི་ཐབས་ལམ་སྤེལ་ནས་འདན་མ་ལྟ་སྐོར་སྐྱེ་ཁམས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་གིས་སྣེ་ཁྲིད་བྱས་ནས་ཡོང་འབབ་སྒོར་བྱེ་བ་གསུམ་ས་ཡ་དྲུག་བྱུང་བ།མཚོ་བོད་སྨན་ལུང་གི་ཁྱད་ལྡན་ཀྲུང་ལུགས་དང་བོད་ལུགས་སྨན་རྩྭའི་རྟེན་གཞི་བཙུགས་ཏེ་གླ་ཚེར་དང་།གྲོ་མ།ཤིང་འབྲས།ལྕུམ་རྩྭ་སོགས་ཁྱད་ལྡན་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཕྱོགས་ཀུན་ཏུ་རྒྱས་པ།
“ཡུལ་དུས་ཡོངསབརྒྱུད་རིམ་ཡོངས།མི་ཆོས་ཡོངསརྒྱུ་རྐྱེན་ཡོངས་”བཅས་ཀྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཐབ་ཇུས་ལག་བསྟར་ཤུགས་ཆེན་རེ་བཏང་ནས།“ཞིང་ལས་ཡུལ་སྐོར།འབྲོག་ལས་ཡུལ་སྐོར།རིག་གནས་ཡུལ་སྐོར།ཚོང་ལས་ཡུལ་སྐོར་”བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པར་བརྟེན།“འཛམ་གླིང་ཐོག་ཆེས་མཛེས་ཤོས་ཀྱི་ན་ཐང་དང་།ལོ་རྒྱུས་སྟོང་གི་ཐང་བོད་གནའ་ལམ།རྡོ་བརྐོས་སྒྱུ་རྩལ་རྒྱལ་པོའི་རྒྱལ་ཁབ།བཀྲ་ཤིས་པའི་ཉི་མའི་ཚོ་པ”བཅས་ཀྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས།ཡུལ་སྐོར་མཛེས་ལྗོངས་ཁུལ་དང་དེ་བཞིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཇེ་མགྱོགས་གཏོང་བ་དང་།སེར་ཤུལ་ཚོ་པའི་རིག་གནས་གླིང་དང་དཔལ་དགེ་མ་ཎིའི་ཡུལ་སྐོར་ལྗོངས་ཁུལ་རྒྱལ་ཁའི་ངང་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་བཏོད་པ།བཙན་མདའ་ལུང་བ་དང་་ཉི་མ་མཚེའུའི་མཛེས་ལྗོངས་ཁུལ་རིམ་སྤར་སྒྱུར་བཀོད་བྱེད་པ།ཁྲོམ་རྫ་གོང་མ་ཡུལ་ཚོའི་ཡུལ་སྐོར་དབུལ་སྐྱོར་གྱི་དཔེ་སྟོན་གྲོང་ཚོ་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་པ་བཅས་རེད།ཉི་མའི་ཚོ་པའི་ཡུལ་སྐོར་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས་ཡུལ་སྐོར་ཁེ་ལས་རྫོང་དུ་རྟོག་ཞིབ་མཛུབ་ཁྲིད་བྱེད་པར་བསྐྱོད་རྒྱུའི་སྒྲིག་འཛུགས་བྱས་ཏེ་སི་ཁྲོན་དམངས་གཉེར་ཡུལ་སྐོར་མཐུན་ཚོགས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་སྒེར་འཁོར་བཏང་ནས་ཞབས་འདེགས་ཞུ་བའི་མ་ལག་འཚོལ་ཞིབ་ཧུར་ཐག་བྱས་པས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་བཞི་བརྒྱ་དོན་ལྔ་ལ་གསོ་སྦྱོང་བྱས་པ་དང་།《སེར་ཤུལ་རྫོང་གི“བཀྲ་ཤིས་པའི་ཉི་འོད་ཚོ་པ་དང་བློ་བདེ་བག་ཕེབས་ཀྱི་འཛད་སྤྱོད་གྲོང་ཁྱེར”་གྱི་ལག་བསྟར་ཇུས་གཞི》བཏོན་ནས་ཡུལ་སྐོར་བ་མི་ཐེངས་འབུམ་ལྔ་སུམ་ཁྲི་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གསུམ་བྱུང་ཡོད།
ལོ་འདིར། ང་ཚོས་སྤུས་ཚད་དང་ཕན་འབྲས་དམིགས་ནས་རང་ངོས་འཛུགས་སྐྱོང་ནན་མོ་བྱས་པས་སྲིད་གཞུང་གི་ཞབས་ཞུའི་ནུས་པ་རིམ་བཞིན་གོང་མཐོ་རུ་ཕྱིན་ཡོད།
ལོ་གཅིག་རིང་ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་གཏོང་བ་དང་དུས་མཚུངས་སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དེ་བས་སྣང་ཆེན་བྱས་ཡོད།“འདུ་ཤེས་བཞི”བརྟན་པོ་བཙུགས་ནས“གདེང་ཚོད་བཞི”བརྟན་དུ་བཏང་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་བྱེད་དགོས་པ།རྫོང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་ཁག་དོན་འཁྱོལ་མཐར་ཕྱིན་ནན་ཏན་དང་།དོན་དག་གལ་ཆེན་དགོངས་སྐོར་དང་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་ཏན།སྲིད་སྡུད་དབང་གཏོང་། གཏོང་འཛོན་ཟུང་འབྲེལ། ཕྱོགས་བསྡུས་ཞབས་ཞུ་དང་། མཉམ་འབྲེལ་དྲ་བའི་རྒྱས་འབྲེལ་གྱི་ལས་དོན་ཟབ་མོ་སྤེལ་ནས།གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་དབང་ཆ་སྤྱོད་པའི་བྱ་བ་གཙང་བཤེར་བྱ་རྒྱུ་འཐུས་ཚང་དུ་བཏང་སྟེ་རྫོང་རིམ་པ་དེ་གའི་ཞབས་ཞུའི་བྱ་བ་དྲ་ཐོག་ནས་བསྒྲུབ་རྒྱུ་མངོན་འགྱུར་རགས་ཙམ་ཡོང་བ་བྱེད་དགོས།ལོ་ཧྲིལ་པོར་སྲིད་དོན་ཡོངས་བསྒྲགས་ཁག་སུམ་སྟོང་བརྒྱད་བརྒྱ་སོ་གསུམ་དང་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཁག་སུམ་སྟོང་གཅིག་བརྒྱ་རེ་གསུམ་ཟིན་པ།ཁྲིམས་ལྟར་སྲིད་འཛིན་བྱེད་པར་སྐུལ་སྤེལ་ཤུགས་ཆེན་བཏང་སྟེ་ཁྲིམས་མཐུན་རང་བཞིན་དང་།ལུགས་མཐུན་རང་བཞིན།དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་བཅས་དོན་འཁྱོལ་ནན་ཏན་བྱ་དགོས།རྫོང་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་ལྟ་སྐུལ་དང་ལས་དོན་ལྟ་སྐུལ་རང་འགུལ་ངང་དང་ལེན་དང་།མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་གཞི་དང་།གྲོས་འགོསྐྱོན་བརྗོད་བསམ་འཆར་བརྒྱ་དང་གསུམ་བསྒྲུབས་ཡོད།རང་འགུལ་ངང་རྫོང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་བྱས་པ་དང་།སྲིད་གྲོས་ཀྱི་གྲོས་གཞི་དང་གྲོས་འགོ་ཁག་གྱ་གསུམ་བསྒྲུབས་པ་དང་།སྒྲུབ་ལན་སློག་ཚད་ཚང་མ་བརྒྱ་ཆ་བརྒྱ་ཟིན་ཡོད།“དམ་བཅའ་ཡིད་ལ་འཛིན་པ་དང་འགན་འཁྲི་ཕྲག་ཏུ་ཁུར་བའི་”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ཞིང་ཆེན་དང་ཁུལ་ཡི་ལག་བསྟར་ཞིབ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ།སྙིང་རུས་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ།ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ།“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ཏན་ཏིག་བྱེད་པ།སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ།རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་།ཕན་ནུས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་སྐུལ་འདེད་བཏང་སྟེ།སྲོལ་བཟང་སྤྱོད་བཟང་དང་།ལས་སྒྲུབ་ལས་སྐྲུན་གྱི་ཆབ་སྲིད་སྐྱེ་ཁམས་བཟང་པོ་བསྐྲུན་ཡོད། ལོ་གཅིག་གི་རིང་ལ་རིམ་པ་ཁག་དང་སྡེ་ཁག་སོ་སོས་རྫོང་ཡོངས་ཀྱི་ལྟེ་བའི་ལས་ཀར་དམིགས་ནས་རང་རང་གི་ཁྱབ་ཁོངས་སུ་འབད་བརྩོན་ལྷོད་མེད་བྱས་ཡོད།རྒྱལ་སྲུང་དང་།སྦྲག་སྲིད།ཕྱི་དོན་ཕྱིར་སྡོད་རང་མིའི་ལས་ཁུངས།གུང་གཞོན་སྡེ་ཚོགས་དང་གུང་གཞོན་སྡེ་ཚོགས་བུད་མེད་སོགས་ཀྱི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ་དང་།གནམ་གཤིས་དང་ཡིག་ཚགས་སོགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་ཐེབས་པ།ས་གནས་ཀྱི་ལོ་རྒྱུས་ལས་དོན་ལ་རྣམ་པ་གསར་པ་བཏོད་པ།རྒྱ་གྲམ་དམར་རྟགས་ཚོགས་པ་དང་།དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།ཚན་རྩལ་མཐུན་ཚོགས་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ།ཁྲལ་དོན་དང་།ཞིང་ལས་དངུལ་ཁང་།མཉམ་འབྲེལ་ཁང་བཅས་ཀྱིས་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།
འཐུས་མི་རྣམ་པ།འབད་འབུངས་ལ་དཀའ་ངལ་འཕྲད་སྲིད་ལ་གྲུབ་འབྲས་ཀྱིས་མི་ལ་སེམས་ཤུགས་སྤྲོད་ངེས་རེད།འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་རེ་རེ་བཞིན་དང་གྲུབ་འབྲས་རེ་རེ་བཞིན་ལ་ཕྱི་མིག་བལྟས་ཚེ།ང་ཚོར་ལས་སླ་པོར་ཐོབ་པ་ཞིག་གཏན་ནས་མིན།འདི་དག་ཚང་མ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁ་ཕྱོགས་གཏན་འཁེལ་བྱས་པ།ཁུལ་ཨུ་དང་།ཁུལ་སྲིད་གཞུང་།རྫོང་ཨུ་བཅས་ཀྱིས་ཡང་དག་པའི་འགོ་ཁྲིད་བྱས་པའི་འབྲས་བུ་དང་།རྫོང་མི་དམངས་འཐུས་ཚོགས་དང་རྫོང་སྲིད་གྲོས་ཀྱིས་ལྟ་སྐུལ་རྒྱབ་སྐྱོར་བྱས་པའི་འབྲས་བུ་རེད།ཁ་གཏད་རོགས་སྐྱོར་ལས་ཁུས་ཀྱིས་སྒེར་སེམས་མེད་པའི་ངང་ཐོག་པའི་འབྲས་བུ་དང་རྫོང་ཡོངས་ཀྱི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་འབད་འཐབ་བྱས་པའི་འབྲས་བུ་རེད།སྤྱི་ཚོགས་ཕྱོགས་ཁག་གིས་སེམས་ཁུར་དང་རོགས་རམ་བྱས་པའི་འབྲས་བུ་བཅས་ཡིན་པ་དང་བསྟུན་འདིར་ངས་རྫོང་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་སེར་ཤུལ་རྫོང་འཛུགས་སྐྲུན་དང་གོང་འཕེལ་གྱི་ཆེད་དུ་དཀའ་སྤྱད་ངལ་རྩོལ་བྱེད་མཁན་རྫོང་ཡོངས་ཀྱི་མི་དམངས་དང་།རྫོང་དུ་བཅའ་སྡོད་ཉེན་རྟོག་དྲག་དཔུང་གི་དཔོན་དམགསྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ།དེ་བཞིན་སེར་ཤུལ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཐུགས་ཁུར་དང་ནང་ཞུགས་བྱེད་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ་བླ་ན་མེད་པའི་གུས་བཀུར་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་དུས་མཚུངས་སུ།ང་ཚོས་ཀྱང་རིག་པ་དྭངས་གསལ་གྱིས་ངོས་འཛིན་ཐུབ་པ་སྟེ།རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྔར་བཞིན་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་ཆ་འགའ་གནས་ཡོད་པ་དང་།མཚོན་ཚུལ་གཙོ་བོ་ནི།དཔལ་འབྱོར་བསྡོམས་འབོར་ཉུང་བ་དང་།ཐོན་ལས་འཕེལ་རྒྱས་དལ་བ།རིམ་པ་དམའ་བ།དགེ་མཚན་ལྡན་པའི་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་གོང་འཕེལ་གཏོང་ཤུགས་ཡོད་པ།དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ད་དུང་སྔར་ལས་ལྷག་པར་བསྒྱུར་དགོས་པ་བཅས་དང་གཅིགསློབ་གསོ་དང་སྨན་བཅོས་སོགས་དམངས་འཚོའི་བྱ་གཞག་དེ་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་དང་བར་ཐག་ངེས་ཅན་ཞིག་ཡོད་པ།ཉེན་མེད་ཐོན་སྐྱེད་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཐད་ལ་ད་རུང་མི་འདང་ས་ཡོད་པ།སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་ད་དུང་སྔར་ལས་མཐོ་རུ་གཏོང་དགོས།སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པར་ད་རུང་ཤུགས་སྣོན་རྒྱག་དགོས་པ་སོགས་རེད།དེར་བརྟེན།ང་ཚོས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ།སྦ་གསང་མི་བྱེད་པ་དང་།གཡོལ་ཐབས་མི་བྱེད་པར།བྱེད་ཐབས་ནུས་ལྡན་སྤྱད་ནས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།ཧུར་ཐག་གིས་ཐག་གཅོད་བྱེད་དགོས།
ཉིས་སྟོང་ཉི་ཤུ་ལོའི་ལས་ཀ་བཀོད་སྒྲིག་
ཉིས་སྟོང་ཉི་ཤུ་ལོ་ནི“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་”རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་ལ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཀྱང་ཡིན་པ་དང་།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོ་ཞིག་དེ་བས་ཡིན།ཉིས་སྟོང་ཉི་ཤུ་ལོའི་ལས་དོན་ཡག་པོ་སྒྲུབ་པར་འགན་འཁྲི་ལྕི་པོ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད།ཉིས་སྟོང་ཉི་ཤུ་ལོའི་སྲིད་གཞུང་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་ནི།ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་བ་དང་།བློ་བརྟན་འགྱུར་མེད་ངང་ཞིན་ཆེན་ཏང་ཨུའི་ཧྲུའུ་ཅི་ཕིན་ཆིང་ཧྭ་རང་ཁུལ་དུ་ཡོང་དུས་ཀྱི་མཛུབ་སྟོན་སྙིང་དོན་ལག་བསྟར་བྱེད་པ།ཁུལ་ཨུའི་“གཅིག་གཉིས་གསུམ་བཞི་ལྔ་དྲུག་”གི་སྤྱིའི་ལས་ཀའི་གཞི་ཁྱོན་ལ་དམིགས་ནས་རྫོང་ཨུའི་“གཅིག་གསུམ་ལྔའི་”དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་འཐབ་ཇུས་མུ་མཐུད་དུ་ལག་བསྟར་གཏིང་ཟབ་བྱས།རྫོང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་ཡག་མོ་བྱེད་པ་དང་ཏང་འཛུགས་སྐྱོང་གི་སྤྱི་འདོམས་དང་བསྒྱུར་བཅོས་གསར་གཏོད་རྒྱུན་འཁྱོངས་བྱས།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར།འཕར་སྣོན་བརྟན་པོ་དང་།བསྒྱུར་བཅོས་ལ་སྐུལ་འདེད།གྲུབ་ཚུལ་ལེགས་སྒྲིགདམངས་འཚོར་ཕན་པ།ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ཁག་ཁྱོན་ཡོངས་ནས་དམ་འཛིན།བརྟན་ལྷིང་གི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་།འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་བས་ཆེ་བ།ལེགས་པོའི་རྣམ་པ་སྔར་བས་མངོན་གསལ་དོད་དུ་གཏོང་བ།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཇེ་མགྱོགས་གཏོང་བའི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་པོ་གཏོང་བ།ནུས་ཤུགས་ཡོད་རྒུས“སྣོད་བཅུད་དང་།རིག་གནས།བདེ་སྐྱིད”བཅས་ཀྱི་སེར་ཤུལ་འཛུགས་སྐྲུན་བྱེད་དགོས།
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ལས་ཀའི་སྟོན་ཕྱོགས་ལ་ཕྱོགས་བསྡུས་བསམ་གཞིག་བྱེད་པ།ཉིས་སྟོང་ཉི་ཤུ་ལོར་སླེབས་སྐབས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི།ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་བདུན་ཚེག་གཉིས་དང་།ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་བརྒྱ་ཆའི་བཅུ་གཅིག་ཚེག་དྲུག་འཕར་བ།སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་བརྒྱ་ཆ་དགུ་ཚེག་ཐིག་ལེ་འཕར་བ།གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ་བཅུ་ཚེག་བརྒྱད་དང་བརྒྱ་ཆ་བཅུ་ཚེག་ཐིག་ལེ་འཕར་བ།
གོང་གསལ་གྱི་དམིགས་ཚད་ལ་དམིགས་ཏེ་ང་ཚོས་ཐོག་མཐའ་བར་གསུམ་དུ“རྒྱུན་འཁྱོངས་བྱེད་དགོས་པ་གསུམ”བསྒྲུབ་དགོས་པ་སྟེ།
ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་བྱེད་དགོས།
ཏང་གིས་ལས་དོན་ཐམས་ཅད་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ནི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞི་ཆེན་པོ་ཞིག་རེད།ལོ་གསར་པའི་ལས་དོན་ཁྲོད་ང་ཚོས་ངེས་པར་དུ“འདུ་ཤེས་བཞི”བརྟན་པོ་བཙུགས་ནས“གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ།ཀྲུང་དབྱང་དང་།ཞིང་ཆེན།ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་།རྫོང་ཨུའི་དབུ་ཁྲིད་འོག་ལས་དོན་སྤེལ་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོད་པ་དང་བྱ་སྤྱོད་གོ་ཆོད་པ། ནུས་སྟོབས་ཆེན་པོ་ལྡན་པའི་སྲིད་གཞུང་གི་དཔུང་ཁག་གསར་སྐྲུན་བཅས་བྱེད་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས།
རྫོང་ཨུའི“གཅིག་གཅིག་གསུམ་བཞི་ལྔའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས།ལོ་གསར་པའི་ནང་།ང་ཚོས་ངེས་པར་དུ་གོམ་གང་མདུན་སྤོས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར།དངོས་ཚན་དཔལ་འབྱོར་ཤུགས་རྒྱག་ས་བྱས་ཏེ་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་ཚད་གཞི་མཐོ་པོའི་ཐོག་ནས་སྤུས་ཚད་ཀྱི་སྟོན་ཕྱོགས་རྒྱུན་འཁྱོངས་དང་།འཕེལ་རྒྱས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ།ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱེད་པ།མཉམ་འདྲེས་འཕེལ་རྒྱས་ཀྱི་དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བཟང་པོའི་སྒོ་ནས་ཁ་སྐོང་དགོས།
མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
“མི་དམངས་ལ་ཞབས་འདེགས་ཞུ་བ་དང་།མི་དམངས་ལ་འགན་འཁུར་བ།མི་དམངས་ཀྱི་ལྟ་སྐུལ་དང་ལེན་ཞུ་བ།མི་དམངས་ཀྱི་བློ་ལ་འབབ་པ”བཅས་ནི་སྲིད་གཞུང་གིས་ངེས་པར་དུ་བརྟན་སྲུང་བྱེད་དགོས་པའི་དད་སེམས་ཤིག་རེད།ལོ་གསར་པའི་ནང་།ང་ཚོས་ངེས་པར་དུ་“མི་གཙོ་བོར་འཛིན་པ་”སྔར་བས་འབུར་དུ་ཐོན་པར་བྱས།མི་དམངས་ཀྱི་ཉིན་བཞིན་འཕར་སྣོན་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་འབད་འཐབ་ཀྱི་དམིགས་འབེན་དང་སྒུལ་ཤུགས་ཆེན་པོར་བརྩིས།མང་ཚོགས་ཀྱི་“འགག་རྩའི་དོན་ཆུང་”དེ་རང་ཉིད་ཀྱི་“གནམ་འདེགས་དོན་ཆེན་”ལ་བརྩིས་ནས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་།མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ།མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་།དམངས་འཚོའི་ཆུ་ཚད་མཐོ་རུ་གཏོང་བ་དང་ལེགས་སུ་གཏོང་བ།སེར་ཤུལ་རྫོང་གི་བུ་དང་བུ་མོ་ལ་བདེ་སྐྱིད་ལྡན་པའི་འཚོ་བའི་ཁྱིམ་གཞིས་ཧུར་ཐག་སྐྲུན་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱིས་སྲིད་གཞུང་གི་ལས་དོན་ལ་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
གཅིག་ནས། ལས་གཞིའི་རྒྱབ་སྐྱོར་དང་སྣེ་ཁྲིད་མངོན་གསལ་ཡོད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
ལས་གཞི་འཆར་འགོད་དང་འཛུགས་སྐྲུན་ཇེ་མགྱོགས་གཏོང་དགོས།
ལས་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་འགག་གནད་སྒྲོལ་ས་དང་ཤུགས་རྒྱག་ས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་འབྲི་ཆུའི་དཔལ་འབྱོར་རྒྱུད་དང་།རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་སྲིད་ཇུས་སོགས་ཀྱི་གོ་སྐབས་ལ་གཞི་ཚུགས་ཏེ་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ནང་རང་འགུལ་ངང་ཞུགས་གང་ཐུབ་བྱ་དགོས།གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དེ་སྤྱིའི་དམ་འཛིན་བྱེད་སར་བྱས་ནས“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་”འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་བྱེད་འགོ་འཛུགས་པ།ལེགས་ལྡན་ཐོན་ཁུངས་དང་།ཁྱད་ལྡན་ཐོན་ལས་ལ་དམིགས་ནས་རྨང་གཞིའི་སྒྲིག་བཀོད།དམངས་འཚོ་ལེགས་གཏོང་སོགས་ཀྱི་ལས་གཞི་ལ་ཇུས་འགོད་ཞིབ་ཚགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཞིང་ཆེན་དང་ཁུལ་ཡི་གཙོ་གནད་ལས་གཞི་བརྩོན་ལེན་དང་གྲབས་གསོག་བྱ་ཤུགས་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་ལས་གཞི་དེ་བས་མང་བ་རྒྱལ་ཁབ་དང་ཞིང་ཆེན་དང་ཁུལ་ཡི་སྡེར་མའི་ནང་ཚུད་རྒྱུའི་བརྩོན་ལེན་བྱེད་དགོས།
འཛད་སྤྱོད་ཀྱིས་དཔལ་འབྱོར་གོང་འཕེལ་ཡོང་བར་ཤུགས་སྣོན་རྒྱག་པ།
འཛད་སྤྱོད་རིམ་སྤོར་བྱ་སྤྱོད་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ས་གནས་དེ་གའི་སྤུས་ལེགས་ཁེ་ལས་རྣམས“སི་ཁྲོན་ཚོང་ཟོག་རྒྱལ་ཡོངས་ལ་བྲིན་པ་”སོགས་ཀྱི་ཁྲོམ་རའི་རྒྱ་སྐྱེད་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་སྤུས་ཚད་ལེགས་པ་དང་།ཐུམ་སྒྲིལ་དཔེ་གསར།ཁྲོམ་རར་བྲིན་ཆེ་བ།ས་ཁོངས་དབྱེ་འབྱེད་མཚོན་རྟགས་མངོན་གསལ་ལྡན་པ་བཅས་ཀྱི་སེར་ཤུལ་ཐོན་རྫས་ཁག་ཅིག་གཏོད་དགོས།བཅད་གྲངས་ཡན་གྱི་ཚོང་དོན་ཁེ་ལས་ཀྱི་རྗེས་གྲབས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས་མཛོད་བཅུག་གཙང་བཤེར་ལས་དོན་ཡག་པོ་བསྒྲུབས་ཏེ་འཛད་སྤྱོད་འཕར་བའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས།
ཕྱི་ཕྱོགས་སྒོ་འབྱེད་ཀྱི་གོམ་སྟབས་ཇེ་མགྱོགས་གཏོང་དགོས།
“ཕྱི་རུ་སྐྱོད་པ་དང་ནང་དུ་འདྲེན་པ་”ཞེས་པའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་།ནུབ་རྒྱུད་ཀྱི་དངོས་མང་སྟོན་ཚོགས་དང་།ཞིང་ལས་ཀྱི་དངོས་མང་སྟོན་ཚོགས་དང་།ཡུལ་སྐོར་དང་འགྲེམས་ཚོགས་སོགས་ཀྱི་ལས་སྟེགས་ལ་བརྟེན་གང་ཐུབ།གཙོ་གནད་ལས་གཞི་ཐུམ་སྒྲིལ་དང་མཚམས་སྦྱོར་གྲོས་མོལ་དམ་འཛིན་གང་ལེགས་བཅས་བྱ་དགོས།གནད་སྨིན་ཚོང་འགུགས་ལ་སྐུལ་འདེད་གཏོང་བ་དང་།གན་འཇོག་ལས་གཞི་ཀྱི་རྗེས་འདེད་ཞབས་ཞུར་ཤུགས་སྣོན་རྒྱག་པ།ལས་གཞི་ཀྱི་ལམ་དུ་ཞུགས་ཚད་དང་མ་དངུལ་དོན་འཁྱོལ་ཐུབ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།
གཉིས་ནས། ཁོར་ཡུག་སྲུང་སྐྱོང་བཅོས་སྒྲིག་མངོན་གསལ་ཡོད་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་ལེགས་ཆ་ཇེ་མང་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་།སྐྱེ་ཁམས་ཀྱིས་དམངས་ལ་ཕན་བདེ་སྐྲུན་པ་དང་སྐྱེ་ཁམས་ཀྱིས་དམངས་ལ་ཕན་པ། སྐྱེ་ཁམས་ཀྱིས་དམངས་ལ་ཞབས་འདེགས་ཞུ་བ། ཐོན་ལས་འཕེལ་རྒྱས་ཡོང་ན་མི་སེར་ཕྱུག་ཅིང་སྐྱེ་ཁམས་མཛེས་སྡུག་ལྡན་པ་གཉིས་དཀྱུས་གཅིག་ཏུ་སྦྲེལ་ནས་སྟོད་རྒྱུད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ།རང་འགུལ་ངང་འགན་འཁྲི་འཁུར་ཕོད་པ།སྣོད་བཅུད་དཔེ་སྟོན་རྫོང་ནུས་ཤུགས་ཡོད་རྒུས་གཏོད་པ།སྣོད་བཅུད་སྲུང་སྐྱོང་དང་སླར་གསོ་དང་འཛུགས་སྐྲུན་གྱི་འདུ་འགོད་གལ་ཆེན་ཁག་གཅིག་ལ་སྐུལ་འདེད་གཏོང་བ།ཆུ་འགོ་གསོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་སྣོད་བཅུད་མ་ལག་གི“གདོད་མའི་རང་བཞིན་དང་།འཐུས་ཚང་རང་བཞིན།སྣ་མང་རང་བཞིན”བཅས་སྲུང་སྐྱོང་བྱེད་པ།ཁོར་ཡུག་སྦགས་བཙོག་འགོག་བཅོས་ཡག་པོ་སྒྲུབ་པ་དང་རྡོ་ཧྲུག་ཐོན་ཁུངས་ཡུན་རིང་གི་དོ་དམ་ནང་རྐྱེན་འཛུགས་ནས་ཕྱོགས་བསྡུས་བཅོས་སྒྲིག་དང་མ་ལག་བཅོས་སྐྱོང་དང་འགོ་ཁུངས་བཅོས་སྐྱོང་སྐུལ་འདེད་གཏོང་ནས་ཁོར་ཡུག་གཙང་བསྒྱུར་ལས་ཀ་གོ་ཆོད་སྒྲུབ་དགོས། ཉིས་སྟོང་ཉི་ཤུའི་ཞིང་སྡེའི་བཏུང་ཆུ་ཉེན་མེད་སྲ་བརྟན་གོང་མཐོར་ཡོང་བ་དང་འབྲི་ཆུ་དང་སེར་ཤུལ་རྫོང་ལོ་ཕྱུག་བར་གྱི་ཆུ་ལོག་འགོག་པའི་ཆུ་རགས་ལས་གཞི་སོགས་བུ་ཆེད་ལས་གཞི་གལ་ཆེན་སྐོར་ལག་བསྟར་ཡོང་བར་སྐུལ་འདེད་དང་།ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་དམ་འཛིན་དང་བཅོས་སྐྱོང་ཆེན་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཀྱི་ནུས་ཚད་ཇེ་བརྟན་དུ་གཏོང་བ།སྐྱེ་ཁམས་བཟང་ཆ་དང་སྐྱེ་ཁམས་དཔལ་འབྱོར་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།
གསུམ་ནས།ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆ་བཏོན་ནས་གནས་དང་བསྟུན་པའི་ཐོན་ལས་གསར་སྤེལ་བྱེད་དགོས།
སྔོན་ལ་ཞིང་འབྲོག་ལས་རིགས་གོང་འཕེལ་གཏོང་དགོས།“ཐོན་རྫས་ཚོང་ཟོག་ཏུ་འགྱུར་བ་དང་།ཚོང་ཟོག་སྤུས་རྟགས་སུ་འགྱུར་བ།སྤུས་རྟགས་ལ་བརྟེན་ནས་ཐོན་ལས་སྣེ་ཁྲིད་བྱེད་པ”བཅས་ཁྲིད་སྟོན་དུ་བྱས་ཏེ་མཐོ་གྲང་ཞིང་འབྲོག་ཁུལ་གྱི་དེང་རབས་འབྲོག་ལས་ཐོན་ལས་འཕེལ་རྒྱས་འཚོལ་ཞིབ་ཧུར་ཐག་བྱས་ནས“ཞིང་ལས་ལ་ཤུགས་སྣོན་དང་།ཞིང་པར་ཕན་འདོགས་པ།ཞིང་པ་ཕྱུག་པོའི”སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་རྒྱུན་མཐུད་དང་བརྟན་པོའི་ངང་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བྱས་ནས་བཤས་གཏོང་ཚད་དང་ཚོང་ཟོག་ཏུ་འགྱུར་ཚད་མཐོ་རུ་གཏོང་བ།ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་དེང་རབས་ཀྱི་ཁྱིམ་ཚང་སྣོད་བཅུད་འབྲོག་ར་དང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་སྒོ་ཕྱུགས་ཕྱི་ཚོང་དང་དེའི་ཐོན་རྫས་ཇེ་མང་གཏོང་བ།“གནས་མཆོག་དཀར་མཛེས་དང་ཉི་མའི་ཚོ་པའི”ཚོང་རྟགས་གྲགས་ཅན་སྤུས་དག་སྒྲུབ་པ། ཁྲོམ་རའི་སྐད་གྲགས་ཆོད་ཚད་དང་བཟུང་ཚད་ཆེ་རུ་བཏང་སྟེ་སྤུས་ཚད་དང་སྤུས་རྟགས་མཉམ་འགུལ་ངང་མཐོ་རུ་གཏོང་རྒྱུ།
གོ་རིམ་ཡོད་པའི་སྒོ་ནས་རིག་གནས་ལས་རིགས་འཕེལ་རྒྱས་གཏོང་དགོས།
སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རིག་གནས་དམངས་ཕན་གྱི་ལས་གཞི་ལག་བསྟར་ཤུགས་ཆེན།“གཡེམ་རྡུང་ལོག་སེལ”གྱི་ཆེད་དོན་བཅོས་སྐྱོང་བྱེད་སྒོ་གཏིང་ཟབ་སྤེལ་བ།རིག་གནས་ཚོང་རའི་ཁྲིམས་འཛིན་ཞིབ་དཔྱོད་དང་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་དགོས།ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་གཏོང་བ་དང་ཕུལ་བྱུང་གི་སྲོག་རྒྱུན་རིག་གནས་དང་དམངས་ཁྲོད་རིག་གནས་སྔོག་འདོན་བྱས་ནས་སྔར་བས་རིག་དངོས་སྲུང་སྐྱོང་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལ་སྔར་བས་ཤུགས་སྣོན་པ།མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེར་གཏོང་།ཆེད་ལས་རིག་གནས་ཤེས་ལྡན་མི་སྣ་གསོ་སྐྱོང་།རིག་གནས་གཤམ་སྐྱོད་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ།མང་ཚོགས་ཀྱི་བསམ་པའི་དགོས་མཁོ་ཏན་ཏིག་སྐོང་བ།རིག་གནས་ཚོང་ར་དར་རྒྱས་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཅས་བྱ་དགོས།
ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་གཏོང་དགོས།
“འཆར་འགོད་སྔོན་ལ་ལག་བསྟར་དང་།ཡུལ་བབ་དང་བསྟུན་པ།ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ”དང“སྲུང་སྐྱོང་དང་གསར་སྤེལ་དུས་མཉམ་”གྱི་རྩ་དོན་རྒྱུན་འཁྱོངས་ཀྱིས“མིང་བྱང་བཞིའི”ཐོན་ཁུངས་སྔར་བས་སྔོག་འདོན་དང་།ཡུལ་སྐོར་རིག་གནས་ཀྱི་ནང་དོན་ཟབ་ཏུ་གཏོང་བ།ནུས་ཤུགས་ཆེན་པོས་ཐང་བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཐོན་ལས་སྤེལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།“ཡུལ་སྐོར་ས་ཁོངས་ཧྲིལ་པོ་ཅན་དང་།གྲོང་ཁྱེར་དང་གྲོང་རྡལ་གསར་གྲས་ཅན།ཞིང་འབྲོག་ལས་དེང་རབས་ཅན་བཅས”སྤྱི་འདོམས་མཉམ་འགུལ་ཐུབ་པ་བྱེད་དགོས།ཡུལ་སྐོར་དོ་དམ་གྱི་ཤེས་ལྡན་མི་སྣ་གང་མགྱོགས་ནང་འདྲེན་དང་གསོ་སྐྱོང་།ས་གནས་དེ་གའི་སྐད་གཉིས་ཕུལ་བྱུང་མཛེས་ལྗོངས་ཁུལ་གྱི་འགྲེལ་བཤད་པ་ཁག་ཅིག་གཙོ་གནད་དུ་བཟུང་ནས་གསོ་སྐྱོང་།ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལེགས་ཤིང་མྱུར་པོ་ཡོང་བར་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས།
བཞི་ནས། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་མངོན་གསལ་བྱས་ནས་དམངས་འཚོ་འགན་ལེན་ཆུ་ཚད་ལེགས་བཅོས་བྱེད་དགོས།
དབུལ་བྲལ་གྲུབ་འབྲས་རྒྱུན་མཐུད་དང་སྲ་བརྟན་གཏོང་དགོས།
དབུལ་སྐྱོར་བྱ་རྒྱུ་དེ་བློ་སྟོབས་ལ་རོགས་སྐྱོར་དང་རིག་སྟོབས་ལ་རོགས་སྐྱོར་བྱ་རྒྱུ་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དབུལ་འགོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།རྗེས་མཐུད་ཀྱི་རོགས་སྐྱོར་འཆར་གཞི་དང་སྲ་བརྟན་དང་མཐོ་རུ་གཏོང་བའི་ཇུས་གཞི་ཚན་རིག་དང་མཐུན་པའི་ངང་བཟོ་བ།དབུལ་བྲལ་གྱི“འགན་འཁྲི་མི་འཁུར་བ་དང་།སྲིད་ཇུས་མི་འདོར་བ།རོགས་སྐྱོར་མི་བྱེད་པ།ལྟ་སྐུལ་དོ་དམ་མི་འདོར་པ”བཅས་རྒྱུན་འཁྱོངས་བྱས་ཏེ་དབུལ་བྲལ་འགག་སྒྲོལ་གྱི“ལས་དོན་སྒྲུབ་ཤུགས་དང་།མ་དངུལ་འཇོག་ཤུགས།སྲིད་ཇུས་ཀྱི་རྒྱབ་སྐྱོར།རོགས་སྐྱོར་བྱ་ཤུགས་བཅས”བཅས་མང་དུ་གཏོང་རྒྱུ་ལས་ཉུང་དུ་མི་གཏོང་བ་དང་།མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་དང་རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་བ་དང་།འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་།ཐོན་ལས་འདེགས་སྐྱོར།སྲིད་ཇུས་རྒྱུན་འཛིན།འགན་ལེན་མཐའ་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་དབུལ་བྲལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས།
སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་དགོས།
དམངས་འཚོའི་ལས་ཞུགས།མ་མཐའི་མཚམས་ཐིག་འགན་ལེན།ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ།ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ།རྒན་གསོའི་ཞབས་ཞུའི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་རོགས་སྐྱོབ་དང་གཟིགས་སྐྱོང་བཀོད་སྒྲིག་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ཉམས་ཞན་ཚོགས་སྤྱིའི་ཞབས་ཞུའི་འགན་ལེན་མ་ལག་སྔར་བས་འཐུས་ཚང་དུ་བཏང་སྟེ་ལས་ཞུགས་མེད་པའི་ཁྱིམ་ཚང་འགུལ་རྣམ་ངང་མེད་པ་བཟོ་རྒྱུ།མཐུན་སྦྱོར་མཉམ་འགུལ་དང་ཐོན་ཁུངས་བསྡུ་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་།སྟོབས་ཤུགས་གཅིག་སྡུད་ཀྱིས་ལས་ཞུགས་འགག་སྒྲོལ་བྱེད་པ།རྩལ་ནུས་གསོ་སྦྱོང་ལ་གཅིག་འདོམས་བྱེད་པ།དབང་སྲུང་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ངལ་རྩོལ་ལས་སྤྱོད་ཀྱི་དངོས་མིང་འགོད་པ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་བཟོ་བཅོས་རྒྱག་པ།གཙོ་གནད་ལས་རིགས་ལ་སྐོར་གཟིགས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཞིང་པའི་ཁེ་དབང་འགན་སྲུང་བྱེད་དགོས།
སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་གཏོང་བར་མངོན་གསལ་དོད་པོ་ཡོད་དགོས།
“སློབ་གསོའི་ཁོར་ཡུག་ལེགས་སུ་གཏོང་བ་དང་།སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་བ།མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བའི”ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་ཏེ་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལོ་ངེས་པར་དུ་ལོ་དགུ་རྒྱུན་མཐུད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་བྱེད་འགོ་འཛུགས་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཐོན་ཁུངས་གཅིག་འདོམས་བཀོད་སྒྲིག་བྱེད་པ།ཉམས་ཞན་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ་བཅས་བྱས་ནས་འོས་འགན་སློབ་གསོ་གཞི་རྩའི་ཆར་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་ཀྱི་དཔྱད་དཔོག་ཁས་ལེན་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས།དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་དང་གྲོང་གསེབ་དང་སློབ་གྲྭའི་དབར་གྱི་སློབ་སྤྱི་དང་དགེ་རྒན་སྤེལ་རེས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ།དགེ་རྒན་གྱི་ལས་སྒྲུབ་སྤྲོ་སེམས་སྔར་བས་འཕེལ་བ་དང་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས།
སྨན་བཅོས་ཞབས་ཞུར་སྐུལ་འདེད་ལ་ཧུར་གྱིས་འབད་དགོས།
“བདེ་ཐང་གི་སེར་ཤུལ་ཉིས་སྟོང་སུམ་བཅུ་ལོ”གཅིག་འདོམས་སུ་བྱེད་པ་དང་།སྤྱི་པའི་འཕྲོད་བསྟེན་གྱི་ཕུགས་ཕན་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ།སྤུས་ལེགས་ནུས་ཆེའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་པ་བཅས་བྱེད་དགོས།ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།རིམ་པ་བཞིན་ཨེ་ཙེའི་ནད་དང་འདུས་འདྲིལ་གཅོང་ནད་སོགས་འགོ་ནད་ཚབས་ཆེན་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་ཆེན་པོ་རྒྱག་པ།ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་སྔོན་འགོག་དང་སྨན་བཅོས་ཀྱི་ཚོད་ལྟ་ས་གནས་གྱི་མཇུག་མཐའི་ཚོད་ལེན་ལས་ཀ་ཡག་པོ་སྒྲུབ་པ།ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ།འཆར་ལྡན་བུ་བཙའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།བདེ་ཐང་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུའི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཐུབ་པ་བྱས་ཏེ་དམངས་ཡོངས་ཀྱི་བདེ་ཐང་ལ་བརྟེན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
ལྔ་ནས།རྨང་གཞིའི་སྒྲིག་བཀོད་གོང་འཕེལ་ཡོང་བར་མངོན་གསལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འབྲེལ་གོམ་སྟབས་ཇེ་མགྱོགས་གཏོང་དགོས།
གྲོང་ཁྱེར་དང་གྲོང་གསེབ་མཉམ་འབྲེལ་འཕེལ་རྒྱས་ཡོང་བར་མཐོང་ཆེན་བྱེད་དགོས།
གྲོང་ཚོ་གསར་པ་འཛུགས་སྐྲུན་དང་སྡོད་ཁང་འགན་ལེན་གྱི་གཙོ་གནད་གཉིས་གཏན་འཁེལ་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་གཞི་ལག་བསྟར་དང་སྤུས་ཚད་དོ་དམ་ཚོད་འཛིན་ཡག་པོ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་པ།གྲོང་ཁྱེར་དང་གྲོང་རྡལ་གྱི་དོ་དམ་ཆུ་ཚད་གཏིང་ཟབ་ཏུ་གཏོང་བ་དང་།གཙོ་གནད་ཞང་དང་གྲོང་རྡལ་གྱི་གྲོང་དོན་འཛུགས་སྐྲུན་དང་རྣམ་པ་བསྒྱུར་བཀོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།གད་སྙིགས་དང་བཙོག་ཆུ་གཙང་བཅོས་དང་“གསང་སྤྱོད་གསར་བརྗེ་”སོགས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱེད་པ།གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པའི་འགན་ལེན་ཏན་ཏིག་བྱེད་དགོས།
འགྲིམ་འགྲུལ་ལམ་དྲའི་སྒྲོམ་གཞི་འཐུས་ཚང་དུ་གཏོང་དགོས།
འགྲིམ་འགྲུལ་ལས་གཞི་འཛུགས་སྐྲུན་དང་རྗེས་མཐུད་བདག་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།དབོན་པོ་དང་བཙན་མདའ་སོགས་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་ས་ཚིགས་(འགྲུལ་སྐྱེལ་ས་ཚུགས་)ལྔ་གསར་སྐྲུན་བྱས།རྫོང་གྲོང་ནས་ནོར་ཤུལ་བར་དང་།ནོར་ཕྱུག་ནས་ཡུལ་ཤུལ་བར་གྱི་འགྲུལ་སྐྱེལ་ལམ་ཐིག་བར།རྒྱལ་་ལམ་གཉིས་གཅིག་ཐིག་ལམ་གི་འབྲི་ཆུའི་མན་ཀྲེན་ཟམ་ཆེན་སྐྲུན་འགོ་ཚུགས་པ་དང་།རྒྱལ་ལམ་གསུམ་བཞི་ལྔའི་ལམ་ཐིག་གི་རྫོང་གྲོང་ནས་ཨན་པུའུ་ལ་བར་གྱི་བསྐྱར་སྐྲུན་རྒྱས་སྐྲུན་གྱི་དུས་འགོའི་ལས་དོན་སྤེལ་འགོ་ཚུགས་པ།རྫོང་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་“གྲོང་ཚོ་ཀུན་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ”མངོན་འགྱུར་བྱུང་བ།ཕྱི་ཕྱོགས་འབྲེལ་གཏུག་ནང་གཞུང་ལམ་ཤར་གཏོང་ཐུབ་ཚད་མང་དུ་སོང་བ།ནུས་ཤུགས་ཡོད་རྒུས“འཕྲེད་གཅིག་དང་གཞུང་བཞིའི”རྒྱལ་ལམ་གྱི་སྒྲིག་གཞི་དང་།“འཕྲེད་བཞི་གཞུང་ལྔའི”ཤང་ལམ་སྒྲིག་གཞི་དྲ་རྒྱ་ལྟ་བུའི་གྲོང་སྡེའི་ལམ་ཐིག་འཛུགས་སྐྱོང་གང་ཐུབ་བྱས་ཡོད།
དྲུག་ནས། སྤྱི་ཚོགས་ཀྱི་ཕྱོགས་བསྡུར་བཅོས་སྐྱོང་མངོན་གསལ་ཡོད་པ་དང་ཞི་བདེ་བརྟན་བརླིང་གི་རྣམ་པ་བཟང་པོར་སྲུང་སྐྱོང་ཤུགས་ཆེན་བྱེད་དགོས།
“སྲིད་གཞུང་གིས་གཙོ་ཁྲིད་དང་།མང་ཚོགས་ཀྱིས་གཙོ་གཉེར།སྤྱི་ཚོགས་ཀྱིས་མཉམ་ལས”བཅས་ཀྱི་བཅོས་སྐྱོང་བྱེད་སྟངས་རྒྱུན་འཁྱོངས་བྱས་ནས“མཉམ་སྐྲུན་དང་།མཉམ་བཅོས།མཉམ་སྤྱོད”བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།ནག་སེལ་གཤེད་བཅོམ་ཆེད་དམིགས་འཐབ་རྩོད་ཟབ་སྤེལ་དང་།ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་དང་ཁྲིམས་གཅོད་ནན་པོ་བྱས་ཏེ།སྤྱི་ཚོགས་ཁྱབ་ཁོངས་ཀྱི་བདེ་འཇགས་རྙོག་ས་གཙོ་གནད་དུ་བཟུང་ནས་བཅོས་སྐྱོང་བྱ་དགོས།མེ་མདའ་དང་འབར་གས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་དང་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ཏེ་སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་པ།འགལ་བ་དང་རྩོད་གཞི་རྩད་བཤེར་དང་འདུམ་སེལ་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་ཐག་གཅོད་འོས་འཚམ་བྱ་དགོས།བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ལས་འཛོལ་གྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་རྒྱུན་མཐུད་ངང་བྱེད་པ་དང་།གཞུང་ལམ་འགྲིམ་འགྲུལ་དང་ཨར་སྐྲུན་བྱ་ཡུལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ།སྤྱི་པའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ།བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཆེ་ཙམ་ཡན་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།སྤྱི་པའི་འཕྲོད་བསྟེན་གྱི་དོན་ཆེན་སྒྲུབ་ཐུབ་པའི་ཆུ་ཚོད་གོང་མཐོར་གཏོང་བ།ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་གྱི་གལ་ཆེའི་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ནུས་པ་གོང་མཐོར་གཏོང་ནས་རང་བྱུང་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་འཕྲལ་སྡོམ་དོ་དམ་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ།བཟའ་བཅའི་བདེ་འཇགས་ལྟ་སྡོམ་གྱི“ཆེས་ནན་པོ་བཞི”དམ་འཛིན་བྱེད་སར་བྱས་ནས“ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ཏན་ཏིག་བྱས་ཏེ་ལོ་གསུམ་གྱི་དུས་ཚོད་ནང་བཟའ་བཅའི་བདེ་འཇགས་ཀྱི“འགན་ལེན་གཉིས”དང“མཐོར་གཏོང་བཞིའི”སྤྱིའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ནས་མི་དམངས་མང་ཚོགས་ཀྱི“ལྕེ་རྩེའི”བདེ་འཇགས་འགན་ལེན་བྱེད་དགོས།
བདུན་ནས།སྲིད་གཞུང་རང་ངོས་འཛུགས་སྐྱོང་མངོན་གསལ་ཡོད་པ་དང་ཁྲིམས་ལྟར་སྲིད་འཛིན་ནུས་པ་ཆེ་རུ་འགྲོ་བར་འབད་དགོས།
ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་དང་སྲིད་སྐྱོང་ཆུ་ཚད་ཟམ་མི་ཆད་པར་གོང་མཐོ་གཏོང་དགོས།
ཆབ་སྲིད་ལེགས་སྐྱོང་བྱ་རྒྱུ་ཨང་དང་པོར་བཞག་སྟེ་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་དང་།རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་སྔར་ལས་ཆེ་རུ་གཏོང་བ།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།“གལ་ཆེན་གསུམ་དང་ཆེན་པོ་གཅིག་”ཐུན་མོང་དུ་ཇུས་ཐག་གཅོད་པ་རྒྱུན་འཁྱོངས་བཅས་བྱ་དགོས།སློབ་སྦྱོང་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།སློབ་སྦྱོང་གི་འཇོན་ཐང་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་།གོང་རིམ་ཏང་ཨུད་དང་སྲིད་གཞུང་།དེ་བཞིན་རྫོང་ཨུ་ལྷན་གྱི་ཐབས་ཇུས་བཀོད་སྒྲིག་བཅས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ཏན་ཏིག་བྱ་དགོས།
ཁྲིམས་ལྟར་སྲིད་འཛིན་ནན་མོ་དང་དབང་ཆ་འཁོར་སྐྱོད་ཚད་ལྡན་ཏན་ཏིག་ཡོང་བ་བྱེད་དགོས།
ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུ་དེ་སྲིད་གཞུང་ལས་དོན་གྱི་གཞི་རྩའི་ཚད་གཞིར་འཛིན་པ་དང་།ཁྲིམས་སྦྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།སྲིད་གཞུང་གི་གལ་ཆེའི་དོན་དག་ཇུས་ཐག་གཅོད་པའི་གོ་རིམ་ནན་དུ་གཏོང་བ་བཅས་བྱ་དགོས།དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་བྱས་ནས་ཐབས་ཇུས་ཚན་རིག་དང་མཐུན་པ་དང་།ལག་བསྟར་མཐའ་གཅིག་ཏུ་བྱེད་པ།ལྟ་སྐུལ་ནུས་ལྡན་བྱེད་པ་བཅས་ཀྱི་དབང་ཆ་འཁོར་སྐྱོད་མ་ལག་ཧུར་ཐག་འཛུགས་པ།མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་དང་ལས་ཀའི་ལྟ་སྐུལ་ཁྲིམས་ལྟར་དང་ལེན་དང་།སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་འགུལ་ངང་དང་ལེན་ཞུ་བ།མི་དམངས་འཐུས་ཚོགས་ཀྱི་གྲོས་གཞི་དང་སྲིད་གྲོས་ཀྱི་གྲོས་གཞི་ནན་ཏན་ངང་སྒྲུབ་པ།དོན་དངོས་ཡག་པོ་སྒྲུབ་པ་དང་བྱ་བ་བཟང་པོ་ཏན་ཏིག་སྒྲུབ་པ་བཅས་བྱེད་དགོས།སྲིད་དོན་ཡོངས་བསྒྲགས་ཟབ་སྤེལ་དང་།སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་གནད་ལ་འཁེལ་བ་བཏབ་སྟེ་དབང་ཆ་ཕྱི་གསལ་ནང་གསལ་གྱི་འོག་འཁོར་སྐྱོད་ཐུབ་པར་བྱ་དགོས།
དམངས་དོན་དུ་སྲིད་དོན་སྐྱོང་རྒྱུན་འཁྱོངས་དང་ཉམས་སད་ཐེག་པའི་སྤྱོད་ཚུལ་སྦྱོང་བརྡར་གང་ཐུབ་བྱེད་དགོས།
བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བརྩིས་ཏེ་འཐབ་ཕྱོགས་དང་པོར་བསྐྱོད་ནས་གནས་ཚུལ་དངོས་རྟོགས་པ་དང་།ལུས་བསྒུར་ནས་བྱ་བ་དངོས་སྒྲུབ་པ།འགན་འཁུར་བའི་འདུ་ཤེས་དང་།འགན་འཁྲི་སྒྲུབ་པའི་འདུ་ཤེས།ལག་བསྟར་འདུ་ཤེས་བཅས་ཟབ་ཏུ་ཏན་ཏིག་གཏོང་བ།ཚོགས་འདུའི་ཡིག་ཆ་སྔར་བས་ཁུ་བསྡུ་བྱེད་པ།རྩོམ་སྲོལ་དང་ཚོགས་སྲོལ་ལེགས་སུ་གཏོང་བ།ཞིང་འབྲོག་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་ཐོག་མཐའ་བར་གསུམ་དུ་འབད་འཐབ་དམིགས་ཚད་དུ་འཛིན་པ་བཅས་བྱེད་དགོས།ནུས་པ་གསོ་སྦྱོང་ལ་ཤུགས་སྣོན་དང་དཔུང་ཁག་དོ་དམ་ནན་པོ་བྱས་ནས་གོང་བུ་འགྲིལ་ཤུགས་དང་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ“བྲག་རྡོ་ལྟར་བརྟན་པ་ཆོད་སེམས་དང།དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ངར་སེམས།དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ”བཅས་ཀྱི་ཐོག་ནས་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས།
སྤྱོད་གཙང་གི་འདུ་ཤེས་ཇེ་ཆེ་དང་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།
སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་བཞག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་ཏན་བྱས་ཏེ་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དབང་ཆ་དེ་ལམ་ལུགས་ཀྱི་རླུང་ཙེའི་ནང་འཇུག་དགོས།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ཞིང་ཆེན་དང་ཁུལ་ཡི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་སྤྱོད་གཙང་རང་འདོམས་ཀྱི་རྩ་བ་དེ་དམ་པོར་བཅངས་ནས་རང་རྟོགས་ངང་རུལ་སུངས་ལ་ངོ་རྒོལ་དང་ངོ་འགྱུར་སྔོན་འགོག་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ་མི་དམངས་བློ་ལ་བབ་པའི་སྤྱི་ཞབས་པར་འགྱུར་རྒྱུར་འབད་བརྩོན་བྱེད་དགོས།
འཐུས་མི་རྣམ་པ་ཚོ།ལས་འགན་གཙོ་བོ་ནི་འགན་འཁྲི་འཁུར་བ་དང་།དངོས་དོན་བསྒྲུབས་ནས་འོད་སྟོང་བསྐྲུན་དགོས།ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱས།རྫོང་ཨུའི་དབུ་ཁྲིད་བརྟན་པོའི་འོགརྫོང་མི་དམངས་འཐུས་ཚོགས་ཀྱི་སྲིད་གྲོས་ཀྱི་ལྟ་སྐུལ་དང་སྐུལ་སློང་འོགཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བཅངས་ནས།མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས།འགན་སྲུང་།རྒྱུན་མཐུད་བཅས་སྔར་བས་ལྡན་པར་བྱས་ཏེ།དུས་ནམ་ཡང་ཞུམ་མེད་ཀྱི་སྙིང་སྟོབས་དང་མདུན་སྐྱོད་འབད་བརྩོན་ཁྲོད་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་ཐུབ་པ་དང་“སྐྱེ་ཁམས་དང་།རིག་གནས།བདེ་སྐྱིད”བཅས་ཀྱི་སེར་ཤུལ་གང་མགྱོགས་འཛུགས་སྐྲུན་བྱེད་ཆེད་སྔར་བས་བྱས་རྗེས་ཆེན་མོ་འཇོག་དགོས།
མིང་ཚིག་འགྲེལ་བཤད།
༡ ཞིང་ཆེན་ཏང་ཨུའི་གཞུང་གཅིག་སྣ་མང་དང་ཁུལ་ལྔ་མཐུན་སྦྱོར་གྱི་འཐབ་ཇུས་བཀོད་སྒྲིག
གཞུང་གཅིག་ནི།ཁྲེང་ཏུའུ་ཡིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་མཚོན་པར་བྱེད་པའི་རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཇེ་མགྱོགས་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ།སྣ་མང་ནི། རང་སོ་སོའི་ཁྱད་ཆོས་ལྡན་པའི་ས་ཁོངས་ཀྱི་དཔལ་འབྱོར་ཁུལ་བསྐྲུན་ནས་ཁྲེང་ཏུའུ་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་དང་།སི་ཁྲོན་ལྷོ་རྒྱུད་ཀྱི་དཔལ་འབྱོར་ཁུལ།སི་ཁྲོན་བྱང་ཤར་གྱི་དཔལ་འབྱོར་ཁུལ།ཕན་ཁུལ་ནུབ་རྒྱུད་ཀྱི་དཔལ་འབྱོར་ཁུལ་བཅས་ཕན་ཚུན་འགྲན་རྩོད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་སི་ཁྲོན་ས་ཁོངས་འཕེལ་རྒྱས་ཀྱི་འདེགས་སྐྱོར་མང་པོ་བྱེད་པའི་རྣམ་པ་ཆགས་པ།“ལྗོངས་ལྔ་མཐུན་སྦྱོར་”ཞེས་པ་ནི་ཁྲེང་ཏུའུ་བདེ་ཐང་དཔལ་འབྱོར་ཁུལ་དང་།སི་ཁྲོན་ལྷོ་རྒྱུད་དཔལ་འབྱོར་ཁུལ།སི་ཁྲོན་བྱང་ཤར་དཔལ་འབྱོར་ཁུལ།ཕན་ནུབ་དཔལ་འབྱོར་ཁུལ།སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་།ཁྲེང་ཏུའུ་དང་ཁྲེང་ཏུའུ་སྐོར་བའི་དཔལ་འབྱོར་ཁུལ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད།“ཁུལ་གསུམ་”དང་ནང་ས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད།ས་ཁོངས་ནང་གི་གྲོང་ཁྱེར་(ཁུལ་)ཁག་དབར་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཅས་བྱེད་པར་ཟེར།
༢ ཁུལ་ཨུའི“གཅིག་གཉིས་གསུམ་བཞི་ལྔའི”སྤྱིའི་ལས་ཀའི་རྣམ་པ་ནི།
དུས་མཉམ་དུ་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པར་བྱེད་པའི་དམིགས་འབེན་ཞིག་ཡིན།དབུལ་བྲལ་འབྱོར་འབྲིང་དང་ཡུན་རིང་བདེ་འཁོད་ཀྱི་གནད་འགག་གཉིས་འབུར་དུ་ཐོན།འཕེལ་རྒྱས་དང་།དམངས་འཚོ།བརྟན་ལྷིང་བཅས་ཀྱི་དོན་ཆེན་གསུམ་དམ་འཛིན་ལེགས་པོ་བྱས།རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཐེབས་པ་དང་།དམངས་འཚོའི་ཆུ་ཚད་མཐོ་པོ་མེད་པ།ཁྲིམས་སྐྱོང་གི་རྨང་གཞི་ཞན་པ།ཤེས་ལྡན་མི་སྣའི་དཔུང་ཁག་གི་ཞན་ཆ་ཆེན་པོ་བཞི་གསབ་པ།དངོས་པོའི་རྨང་གཞི་དང་།དམངས་སེམས་ཀྱི་རྨང་གཞི།བསམ་བློའི་རྨང་གཞི།ཁྲིམས་སྐྱོང་གི་རྨང་གཞི།རྩ་འཛུགས་ཀྱི་རྨང་གཞི་བཅས་རྨང་གཞི་ཆེ་གྲས་ལྔ་བརྟན་དུ་གཏོང་བ།དབུལ་སྐྱོར་འགག་སྒྲོལ་དང་།ཁྲིམས་ལྟར་ཁུལ་སྐྱོང་བ།ཐོན་ལས་དམངས་ཕྱུག་།འགྲིམ་འགྲུལ་སྔོན་ལ་སྐྱོད་པ།གྲོང་ཁྱེར་དང་གྲོང་གསེབ་རིམ་སྤོར་ཡོང་བ།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི་འཐབ་ཇུས་ཆེ་གྲས་དྲུག་ལག་བསྟར་བཅས་བྱེད་དགོས།
༣ རྫོང་ཨུའི་“གཅིག་གཅིག་གཉིས་ལྔའི་”དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་འཐབ་ཇུས་ནི།
དབུལ་བྲལ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་རྒྱུ་གཙོ་གནད་དུ་འཛིན་པ།སྐྱེ་ཁམས་སྲུང་སྐྱོང་དང་།འཛུགས་སྐྲུན།བེད་སྤྱོད་བཅས་བྱ་རྒྱུ་གཙོ་གནད་དུ་འཛིན་པ།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་།སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ།སྤྱི་པའི་ཞབས་ཞུའི་ནུས་པ་མཐོར་གཏོང་བཅས་གཙོ་གནད་གསུམ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དབུལ་སྐྱོར་དབུལ་བྲལ་དང་།ཁྲིམས་སྐྱོང་འཛུགས་སྐྲུན།གཞི་རིམ་སྲིད་དབང་འཛུགས་སྐྲུན།ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ལྗང་མདོག་འབྲོག་ལས་དང་།དྭངས་གཙང་ནུས་རྒྱུའི་ལས་རིགས།ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ལས་རིགས།མི་རིགས་ཀྱི་རིག་གནས་ཐོན་ལས།མཐོ་གྲང་ཁྱད་ལྡན་ཡུལ་སྐོར་ལས་རིགས་བཅས་ཐོན་ལས་ཆེ་གྲས་ལྔ་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་དགོས།
༤ སྣ་དགུ་ཐིག་གཅིག་ནི་ཁང་པ་དང་།རླངས་འཁོར།སྙིགས་རོ།ལས་གནས།ཟོ་བ།ཚོང་རྟ།དབྱུག་པ།དར་ཆ།ཤིང་།གློག་འདོན་འཕྲིན་གཏོང་སྐུད་ལམ་བཅས་ལ་ཟེར།
༥ “མགོ་སྣ་བཞི་”ཞེས་པ་ནི་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ཁྱབ་ཁོངས་སུ་ཚད་གཞི་ནན་ཤོས་དང་།ལྟ་སྐུལ་དོ་དམ་ནན་ཤོས།ཆད་གཅོད་ནན་ཤོས།འགན་འཁྲི་རྩད་གཅོད་ནན་ཤོས་བཅས་སྤྱད་དེ་མི་དམངས་མང་ཚོགས་ཀྱི་“ལྕེ་ཐོག་གི་བདེ་འཇགས་”ལ་ཟེར།
༦ “འགན་སྲུང་གཉིས་”ནི་ཚོང་ཟོག་དང་ཞབས་ཞུའི་སྤུས་ཚད་ལ་འགན་སྲུང་ནུས་ལྡན་ཐོབ་སྟེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ནུས་ལྡན་ཐུབ་པར་ཟེར།
༧ “མཐོར་འདེགས་བཞི”ཞེས་པ་ནི་འཛད་སྤྱོད་ཁོར་ཡུག་གི་བདེ་འཇགས་དང་།ཚོང་གཉེར་བྱེད་མཁན་གྱི་ཡིད་རྟོན་བྱེད་ཚད།འཛད་སྤྱོད་པའི་བློ་མགུ་ཚད།འཛད་སྤྱོད་པའི་ཉམས་ལེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་བཅས་ལ་ཟེར།
༨ “སྲོག་ཤིང་གཅིག་དང་གལ་ཆེན་དྲུག་གཞུང་མང་། སྣ་མང་”གི་སློབ་གྲྭ་སྐྱོང་བའི་འདུ་ཤེས་འཛུགས་པ།
སྲོག་ཤིང་གཅིག་ནི་སློབ་འབྲིང་གཉིས་ཀྱིས་གཙོ་གནད་ཁྲིད་ནས་རིམ་པ་དང་པོའི་སློབ་འབྲིང་སྤུལ་ལེགས་ཅན་འཛུགས་སྐྲུན་བྱས་ཏེ་གཅིག་བསྡུས་སློབ་གསོ་སྤེལ་བ་དང་། དོ་སྙོམས་ཅན་གྱི་སྤུས་ལེགས་སློབ་གྲྭ་འཛུགས་སྐྲུན་བྱེད་པ་ལ་ཟེར། གལ་ཆེན་བཞི་ནི། རྫོང་ཁོངས་ཀྱི་སློབ་ཆུང་དང་རྫོང་གི་ཆ་ཚང་སློབ་ཆུང་གཉིས་པ་ཚང་མ་བཅའ་སྡོད་སློབ་ཆུང་དང་། ལོ་ཕྱུག་ས་ཁུལ་གྱི་བཅའ་སྡོད་སློབ་གྲྭ ནུབ་ཁུལ་གྱི་བཅའ་སྡོད་སློབ་གྲྭ ཕྱག་ཚྭ་ཤང་གི་ལྟེ་བ་སློབ་གྲྭ བརྒ་དམར་ས་ཁུལ་བཅའ་སྡོད་སློབ་ཆུང་བཅས་སློབ་གྲྭ་དྲུག་གི་བཅའ་སྡོད་ལམ་ལུགས་འཛུགས་སྐྱོང་བྱེད་པ་ལ་ཟེར། དེར་འདུས་པའི་ཤང་དང་གྲོང་བརྡལ་གྱི་སློབ་ཞུགས་ལོ་ན་ཟིན་པའི་སློབ་མ་ལོ་རིམ་གཅིག་ནས་དྲུག་བར་རིམ་པ་མཐོན་པའི་འོས་འཚམ་གཅིག་བསྡུས་ཀྱི་སློབ་ཁྲིད་བྱས་ཏེ་ཁུལ་རིམ་པའི་དཔེ་སྟོན་སློབ་གྲྭ་འཛུགས་སྐྱོང་བྱེད་པ་ལ་ཟེར། གཞུང་མང་ནི། དེ་མིན་གྱི་ལྟེ་བའི་སློབ་གྲྭས་རྒྱབ་རྟེན་བྱས་ནས་འཛུགས་སྐྱོང་བྱས་པའི་ཚད་ལྡན་ཅན་གྱི་སློབ་གྲྭ་ལ་ལོ་རིམ་དང་པོ་ནས་གསུམ་པའི་བར་དམའ་རིམ་ལྟར་གནས་དེ་ནས་སློབ་གྲྭར་འགྲིམས་པའི་སློབ་ཁྲིད་བྱེད་པ་ལ་ཟེར། སྣ་མང་ནི། རྫོང་ཁོངས་ཀྱི་བྱིས་བཅོལ་ཁང་དང་ལོ་ཕྱུག་བྱིས་བཅོལ་ཁང་། འཇུ་སྒར་གྲོང་བརྡལ་གྱི་བྱིས་བཅོལ་ཁང་། ནུབ་ཁུལ་བྱིས་བཅོལ་ཁང་དག་གི་སློབ་ན་མ་སོན་གོང་གི་སློབ་གསོ་སྤེལ་ཁུལ་གལ་ཆེ་བཟུང་ནས་རྫོང་ཡོངས་ཀྱི་གྲོང་སྡེ་རིམ་པའི་སློབ་ཁུལ་དེ་རིམ་པ་བཞིན་སློབ་ན་མ་སོན་པའི་སློབ་གསོའི་ཕྱོགས་སུ་ཚད་ལྡན་ཅན་དུ་བསྒྱུར་བ་ལ་ཟེར།